པར་རིས་གསར་འགྱུར།
མིག་སྔ་ནི་གྲོ་བསྡུ་བའི་དུས་ཚིགས་ཡིན་པས་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་དབྱང་ཤིང་རྫོང་ཅིན་དབྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཞིང་པར་འབྲུ་རིགས་སྐེམ་ས་མེད་པའི་དཀའ་གནད་བསལ་ཆེད། གཞུང་ལས་ཐོག་ཁང་གི་ཐང་ཆེན་གནས་སྐབས་སྤྱི་པའི་ཁུལ་ཁོངས་སུ་བསྒྱུར་ནས་ཞིང་པར་འབྲུ་རིགས་སྐེམ་དུ་བཅུག་ཅིང་། འདི་ནི་གྲོང་མིས་དབྱང་ཤིང་རྫོང་ཅིན་དབྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡི་གཞུང་ལས་ཐོག་ཁང་མདུན་དུ་གྲོ་སྐེམ་བཞིན་པ།
ཀོང་ཏུང་ཁའེ་ཕིང་ཅིན་ཅི་གྲོང་རྡལ་གྱི་ཅང་མོན་མ་ནིང་རྡུལ་ཕྲན་ཚོད་ལྟའི་ས་ཚིགས་ནི་ས་འོག་སྨི་700ཡི་སར་བསྐྲུན་ཡོད་པ་དང་ཁྱོན་བསྡོམས་མ་རྩ་སྒོར་དུང་ཕྱུར་20བཏང་ཡོད་ཅིང་། དེ་ནི་འཛམ་གླིང་དུ་མ་ནིང་རྡུལ་ཕྲན་ཚོད་ལྟའི་ས་ཚིགས་སྔོན་ཐོན་ཆེ་ཤོས་དེ་ཡིན་པ་རེད།
མིག་སྔར་རྒྱལ་ཡོངས་སུ་དགུན་གྲོ་མུའུ་དུང་ཕྱུར་1.64བརྔས་ཟིན་པ་དང་། བརྔ་བསྡུ་བྱེད་ཚད་53.8%ཟིན་ཡོད་ཅིང་། འདི་ནི་ཧོ་ནན་ཞིང་ཆེན་སན་མོན་ཞ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་དཔེ་སྟོན་ཁུལ་ཏ་ཝང་གྲོང་རྡལ་ཧོའུ་ཏི་གྲོང་ཚོར་བརྔ་བསྡུ་འཕྲུལ་འཁོར་གྱིས་གྲོ་བརྔ་བསྡུ་བྱེད་བཞིན་པ།
ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་ཧྲུའུ་ཝ་ཁྲོམ་གཞུང་དུ་ཡོད་པའི་དོམ་ཁྲའི་སྦྲག་ལས་ཅུས་ཀྱི་ལྟེ་གནས་ཚོང་ཁང་ལ་འཛམ་གླིང་སློབ་གྲྭ་ཆེན་མོ་བའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས་31པའི་བཀྲ་ཤིས་གཡང་ནོར་དོམ་ཁྲ་རུང་པའོ་སོགས་ཚོང་ཆོག་པའི་ཚོང་ཟོག་ཆེད་དུ་སྟོན་ཞིང་། འདི་ནི་དོམ་ཁྲའི་སྦྲག་ལས་ཅུས་ཀྱི་ལྟེ་གནས་ཚོང་ཁང་ཡིན་པ།