དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཚོགས་ཆེན་ཉི་ཤུར་སློབ་སྦྱོང་བྱེད། སྤྱོད་བཟང་སྦྲང་ཆར་ཀུན་ལ་ཁྱབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    འདི་ནི་བྱེད་སྒོ་སྤེལ་རིང་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་གྱིས་ཀུན་སྤྱོད་དཔེ་བཟང་བ་དང་། ཉེ་འགྲམ་གྱི་མི་བཟང་། མི་སྣ་ཡག་ཤོས། དང་བླངས་པ་ཡག་ཤོས། ཤེས་དཔལ་ལྡན་པའི་ཁྱིམ་ཚང་། ཡ་རབས་ལྡན་པའི་ཁྱིམ་ཚང་བཅས་ཀྱི་གཟེངས་བསྟོད་ཚོགས་ཆེན་དང་། དེ་བཞིན་ཀུན་སྤྱོད་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་སྐོར་སྐྱོད་གཏམ་བཤད་དང་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་དཔེ་བཟང་གཏམ་རྒྱུད་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་སྔོན་ཐོན་ལ་བརྩི་མཐོང་དང་། སྔོན་ཐོན་ལ་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་གཏོད་པ་རེད།

    སྐོར་སྐྱོད་གཏམ་བཤད་དང་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོས་གཟེངས་བསྟོད་དང་། སྒྲོག་འགྲེལ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྣམ་པར་བརྟེན་ནས་ཀུན་སྤྱོད་དཔེ་བཟང་གི་མི་སེམས་འགུལ་བའི་བྱས་རྗེས་ཁྱོན་ཡོངས་ནས་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་སྐབས་བརྒྱད་པ་ཐོབ་མཁན་དང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་དམངས་གཅེས་དཔེ་བཟང་བ་ལེང་ཞའོ་ཏུང་དང་། ཀྲུང་གོའི་མི་བཟང་དང་བོད་རང་སྐྱོང་ལྗོངས་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ་སྐབས་བཞི་པ་ཐོབ་མཁན་སེ་མ་གདན་ཞུ་བྱས་ཤིང་། ཁོང་ཚོས་སྡིངས་ཆའི་ཐོག་བསྐྱོད་ནས་སྒྲོག་འགྲེལ་བྱས་ཏེ་སྔོན་ཐོན་བྱས་རྗེས་མཉམ་སྤྱོད་ཀྱིས་གསོན་ཉམས་ལྡན་ཞིང་མི་སེམས་འགུལ་བའི་གཏམ་རྒྱུད་ཐོག་ནས་འབད་འབུངས་ཡར་བརྩོན་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་པ་རེད།

    ཆུ་ཤུར་གྲོང་རྡལ་གྱིས་མང་ཚོགས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཀུན་སྤྱོད་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་སྔར་བས་མཐོ་རུ་བཏང་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྣེ་ཁྲིད་དེ་ཡར་བརྩོན་དགེ་སྒྲུབ་དང་། གདོང་ལེན་བརྩོན་ལེན། དཔའ་བོར་དད་གུས་བཅས་བྱེད་པའི་དྲང་ནུས་གཅིག་ཏུ་འགྲིལ་བ་དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དང་སྤྱི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་མཚོན་ཚུལ་དངོས་ཡིན་ལ། དེ་ལས་ཆུ་ཤུར་རྫོང་གིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།