དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས།

    “བྱེད་ཐབས་གསུམ”ལ་བརྟེན་ནས་དུག་འགོག་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར། མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་བཙོག་དངུལ་གཙང་སྒྱུར་ལ་རྒོལ་མཁན་འོས་འགན་ལས་ཁུངས་21སྒྲིག་འཛུགས་བྱས་ཏེ་བྱེད་ཐབས་གསུམ་སྤྱད་ནས་སྤྱི་དམངས་ལ་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་སྤྱི་དམངས་ཚོས་དུག་རྫས་ཀྱི་ཤེས་བྱ་སྔར་བས་རྟོགས་པ་དང་རང་རྟོགས་ངང་དུག་རྫས་འགོག་པའི་ནུས་པ་ཆེ་རུ་བཏང་བ་རེད།

    དུག་འགོག་སྐད་འཕྲིན་སྤྱི་རྟགས་ཁྱབ་གདལ་བཏང་ནས་སྤྱི་དམངས་ཀྱི་དུག་འགོག་ནུས་པ་ཆེ་རུ་བཏང་བ། ལྗོངས་དུག་འགོག་གཞུང་དོན་ཁང་གིས《སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར་འོས་འགན་ལས་ཁུངས་ཀྱི་ལས་དོན་པ་930སྒྲིག་འཛུགས་བྱས་ཏེ། “བོད་ལྗོངས་དུག་འགོག”སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་པ་དང་སྦྲགས། དུག་འགོག་དམ་བཅར་མིང་རྟགས་འགོད་པའི་བྱེད་སྒོར་ཞུགས་པ་དང་། ལས་དོན་མི་སྣ་787གྱིས“བོད་ལྗོངས་དུག་འགོག”སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་པ་དང་སྦྲགས་དུག་འགོག་དྲི་བར་ལན་རྒྱག་པའི་བྱེད་སྒོར་ཞུགས་པས་བྱེད་སྒོར་ཞུགས་མཁན་གྱི་དུག་འགོག་ཤེས་བྱ་ཟབ་ཏུ་དང་དུག་འགོག་འཇོན་ཐང་ཆེ་རུ་ཕྱིན་ཏེ་དམངས་ཡོངས་ཀྱིས་དུག་རྫས་འགོག་པའི་རྣམ་པ་ཟབ་མོ་བཏོད་ཡོད།

    དྲ་བའི་འཐབ་སར་བརྟེན་ནས་དྲིལ་བསྒྲགས་རྒྱུན་རྣམ་ཅན་ལ་འགྱུར་བར་སྐུལ་འདེད་བཏང་བ། ཁོངས་གཏོགས་ཁུལ་གྱི་འོས་འགན་ལས་ཁུངས་ཀྱིས་རང་ཉིད་ཀྱི་ལས་གཉེར་དྲ་ཚིགས་ཀྱི་ཁྱབ་རྒྱ་དང་མང་ཚོགས་དང་འབྲེལ་བ་ཟབ་པ་སོགས་ཀྱི་ལེགས་ཆ་སྤྱོད་པ་དང་ལས་གཉེར་དྲ་ཚིགས་ཀྱི“འཐབ་ས་གཙོ་བོའི”ནུས་པ་འདོན་པར་ཁྲིད་སྟོན་བྱས་པ་མ་ཟད། བོད་རྒྱ་སྐད་ཡིག་ཤན་སྦྱར་གྱི་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། LEDབརྙན་ཤེལ་ནས་ཆུ་ཚོད་24ཡི་རིང་དྲིལ་བསྒྲགས་བྱེད་པ། དྲི་བར་ལན་རྒྱག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རྒྱ་ཆེའི་མང་ཚོགས་ལ་དུག་འགོག་ཤེས་བྱ་ཁྱབ་གདལ་བཏང་བ་དང་འབྲེལ་དུག་རྫས་ནི་མི་སྒེར་དང་། ཁྱིམ་ཚང་། སྤྱི་ཚོགས་བཅས་ལ་གནོད་འཚེ་བཟོ་མཁན་ཞིག་ཡིན་པ་ཤེས་སུ་བཅུག་ནས་ཀུན་གྱིས་དུག་འགོག་ལས་ལ་གཞོལ་ཏེ་ཚེ་སྲོག་ལ་གཅེས་སྤྲས་ཐུབ་པར་བྱས་ཡོད། མིག་སྔའི་བར་འོས་འགན་ལས་ཁུངས་ཁག་གི་ལས་གཉེར་དྲ་ཚིགས་ཀྱིས་LEDབརྙན་ཤེལ་ནས་འབོད་ཚིག་ཁག་40ཙམ་དྲིལ་བསྒྲགས་དང་། དྲིལ་བསྒྲགས་དཔྱད་ཡིག་ཤོག་ལྷེ་500བཀྲམ་པ། མི་ཐེངས་60ཙམ་གྱི་བློ་འདྲི་དང་ལེན་བཅས་བྱས་པ་རེད།

    གྲོང་ཚོ་དང་དུད་ཚང་ལ་དྲིལ་བསྒྲགས་བྱས་ནས་གྲོང་གསེབ་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། ཁོངས་གཏོགས་ཞིང་ལས་དངུལ་ཁང་དང་སྦྲག་སྲིད་ཀུང་སིས་གཤམ་སྐྱོད་ཀྱི་གོ་སྐབས་གང་ལེགས་སྤྱད་དེ་གྲོང་གསེབ་ཏུ་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། དུག་འགོག་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་དུག་འགོག་སྦྱར་ཡིག་འགེལ་བ་སོགས་བྱས་ཁར་དུག་རྫས་སྣ་ཁ་དང་། དུས་རྫས་ཀྱི་གནོད་འཚེ། ཁྲིམས་སྲོལ་དྲིལ་བསྒྲགས། འགོག་ཟོན་ནུས་པ་ཆེ་རུ་གཏོང་བ་སོགས་ཐད་ནས་མང་ཚོགས་ལ་དྲིལ་བསྒྲགས་ཞིབ་ཚགས་བྱས་པར་བརྟེན། དུག་འགོག་དྲིལ་བསྒྲགས་ཀྱི་གཏིང་ཟབ་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་པ་དང་ཆབས་ཅིག མང་ཚོགས་ཀྱིས་དུག་རྫས་ཤེས་རྟོགས་དང་། དུག་མི་འཐེན་པ། དུག་རྫས་འགོག་པ་བཅས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔའི་བར་ལས་ཁུངས་གཉིས་ཀྱིས་དྲིལ་བསྒྲགས་པ་50ལྷག་ཙམ་བཏང་བ་དང་དྲིལ་བསྒྲགས་བྱེད་སྒོ་ཐེངས་13སྤེལ་བས་མི་ཐེངས་200ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།