དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར། སྣང་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཁྲིམས་སྒྱུར་རུ་ཁག་གིས་སྣེ་ཁྲིད་པ་དང་། འཕྲལ་སྡོམ་དོ་དམ་ཅུས་དང་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་མཉམ་འབྲེལ་བྱས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད། ལས་དོན་མི་སྣས་རིག་གནས་ཡུལ་སྐོར་ཁྲོམ་རའི་འགན་འཁུར་བར་ཕྱོགས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཤེས་བྱ་དང་། མེ་ཟོན་ཡོ་ཆས་སྤྱོད་སྟངས་དང་དེ་བཞིན་དོ་སྣང་བྱེད་དགོས་པའི་དོན་ཚན་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས། འབྲེལ་ཡོད་འགན་འཁུར་བར་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ནང་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་བདེ་འཇགས་འགན་སྲུང་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཐོག་བདེ་འཇགས་ཀྱི་འབྲེལ་ཡོད་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    འདི་ནི་ལས་དོན་མི་སྣས་ཡུལ་དེ་གའི་ཁྱད་ལྡན་ཐོན་རྫས་ཚོང་ཁང་དུ་བདེ་འཇགས་ཐོན་སྐྱེད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།