དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཞིས་རྩེའི་ཉེན་རྟོག་པ་དང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    དུས་ཚོད་ཡོལ་བའི་སྨན་སྣ་སྤྱོད་མཁན་བཟའ་བཏུང་ཁང་ཞིག་ལ་བཅོས་སྒྲིག་བྱེད་དུ་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་དོ་དམ་ཉིང་ལག་རུ་ཁག་དང་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁྲིམས་སྒྱུར་མི་སྣའི་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ། བསམ་གྲུབ་རྩེ་ཆུས་ཀྱི་མཐོ་རྒྱུགས་རྒྱུགས་ར་དྲུག་གི་ཉེ་འཁོར་དུ་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་བ་རེད།

    དེའི་རིང་ཧྲན་ཏུང་ལམ་གྱི་འོ་ཇ་དང་བྱ་ཤ་སྲེག་མའི་ཚོང་ཁང་ཞིག་ཏུ་དུས་ཚོད་ཡོལ་བའི་སྨན་སྣ་མང་པོ་ཉར་ཡོད་པ་དང་། བཟའ་བཅའ་ལས་སྣོན་ཁང་དང་ཞག་སྡོད་ཁུལ་ཁང་པ་གཅིག་ཡིན་པ། བཟའ་བཅའ་ལས་སྣོན་དང་འཇོག་ཡུལ་ཉེ་འཁོར་དུ་ལྷམ་དང་རྐང་ཤུབས་སོགས་འཚོ་བའི་མཁོ་ཆས་མང་པོ་སྤུངས་པའི་ཁར་ཁོར་ཡུག་གཙང་སྦྲ་བཙོག་ཟིང་ཞན་གསུམ་ཡིན་པ་ཤེས་རྟོགས་བྱུང་བ་རེད།

    ཞིབ་བཤེར་ཚོགས་ཆུང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། བཟའ་བཏུང་ཁང་དེའི་དུས་ཚོད་ཡོལ་བའི་སྨན་སྣ་གཞུང་བཞེས་བཏང་བ་མ་ཟད། ཚོང་ཁང་དེར་ཉིན་ལྔའི་རིང་བཅོས་སྒྲིག་བྱེད་པའི་སྲིད་འཛིན་ཆད་པ་བཅད་དེ། བཅོས་སྒྲིག་བྱས་འབྲས་ཞིབ་བཤེར་རྩིས་ལེན་བྱུང་རྗེས་གཞི་ནས་ལས་གཉེར་བྱེད་ཆོག་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།