དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉེན་རྟོག་པའི་དྲན་སྐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཡོང་ཁུངས་གསལ་པོ་མེད་པའི་ཁ་པར་དང་ཆ་འཕྲིན་ལ་ཡིད་ཆེས་མི་བྱེད་པ་དང་། རང་ཉིད་དང་ནང་མི་མི་སྒེར་གྱི་ཆ་འཕྲིན་གཞན་ལ་མི་ཤོད་པ། ཆ་རྒྱུས་མེད་པའི་དངུལ་ཁང་གི་རྩིས་ཁྲར་དངུལ་གཏན་ནས་བསྒྱུར་མི་རུང་། གལ་ཏེ་ངེས་པར་དུ་དངུལ་སྒྱུར་དགོས་ན་ཕ་རོལ་གྱི་རྩིས་ཐོ་དང་། ཐོབ་ཐང་ཆ་འཕྲིན། དེ་བཞིན་དངུལ་སྒྱུར་བའི་རྒྱུ་མཚན་བཅས་ལ་ཞིབ་བསྡུར་ནན་ཏན་བྱེད་དགོས། ཁ་བསླུས་ཐེབས་ན་ལམ་སེང་110ལ་སྙན་སེང་ཁ་པར་རྒྱག་དགོས། “འགོ་ཁྲིད་ལ་བྱ་བ་སྒྲུབ་ཏུ་འཇུག་པ”དང“མི་སྒེར་གྱི་འབྲེལ་བ་འཛུགས་པའི”ཆ་འཕྲིན་ལ་དབྱེ་བ་གསལ་པོ་འབྱེད་དགོས་པ་ལས“འགོ་ཁྲིད”ཀྱི་ཐུགས་ཁུར་དང་ལྟ་རྟོག་ལ་ཡིད་ཆེས་དང་། “ངོ་སོ་དང་ལྟ་རྟོག”ལ་སྣང་འཇོག ཞིབ་དཔྱད་མ་བྱས་པར་གང་བྱུང་དུ་དངུལ་སྒྱུར་བ། རང་ཉིད་ཀྱི་ཐོབ་ཐང་ཆ་འཕྲིན་གང་བྱུང་དུ་གཞན་ལ་ཤོད་པ་བཅས་ཀྱི་རིགས་གཏན་ནས་བྱ་མི་རུང་། “ངོ་ཤེས”དང“འགོ་ཁྲིད”ལ་རྫུ་མཁན་གྱིས་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་དང་འཕྲིན་ཐུང་བརྒྱུད། རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་དངུལ་སྐུར་བའི་བསླུ་བྲིད་བྱེད་ཀྱི་ཡོད་པས་ངེས་པར་དུ་ཁ་པར་རྒྱག་པ་དང་ཐུག་འཕྲད་སོགས་ཀྱི་ཐབས་ལམ་བརྒྱུད་དེ་བདེན་མིན་ཞིབ་དཔྱད་བྱེད་དགོས། འབྲེལ་འདྲིས་བྱེད་རིང་ཕ་རོལ་ལ་གནད་དོན་ཞིབ་ཕྲ་འགའ་དྲིས་ནས་ཕ་རོལ་པོའི་ཐོབ་ཐང་ལ་ཞིབ་བཤེར་བྱས་ནའང་འགྲིག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།