དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དུས་ཚིགས་དང་པོར་དབང་གནོད་རྫུན་བཟོའི་གྱོད་གཞི་ཁྲི་10ལྷག་ཙམ་ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    2023ལོའི་དུས་ཚིགས་དང་པོར། རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཤེས་བྱའི་བདག་དབང་ཁྲིམས་སྒྱུར་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཚོང་ཟོག གཙོ་གནད་ཁྲོམ་ར་བཅས་ལ་བཅོས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། སྲིད་འཛིན་ཁྲིམས་སྒྱུར་གྱི་ཟིལ་ཤུགས་ཧུར་ཐག་བཏོན་པ། དབང་ཆ་ཡོད་མི་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་དང་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བཏོད་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་དུས་ཚིགས་དང་པོར། རང་ལྗོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་སྤེལ་བའི་ཆེད་དོན་བྱ་སྤྱོད་ནང་། ཁྱོན་འབྲེལ་ཡོད་གྱོད་གཞི་ཁྲི་10ལྷག་ཙམ་ཞིབ་བཤེར་ཐག་གཅོད་ཐུབ་ཅིང་། དེའི་ཁྲོད་ཚོང་རྟགས་དབང་གནོད་དང་ཆེ་ཁེ་རྫུན་བཟོའི་གྱོད་གཞི་6100ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།