དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཁྲག་དང་རྔུལ་ཆུས་བསགས་པའི་གླ་ཆ་སྒོར་ཁྲི་20ལྷག་ཙམ་ཚུར་རག་པ།

    ——ལྕང་ར་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞིང་པ་ལས་མིར་གླ་ཆ་ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ལྕང་ར་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཞིང་པ་ལས་མིར་འགྱངས་ཆད་བྱུང་བའི་གླ་ཆ་སྒོར་ཁྲི་20ལྷག་ཙམ་ལེན་རོགས་བྱས་ནས། ཁྲིམས་ལྟར་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་རེད།

    ཟླ་6ཚེས་12ཉིན། ལྕང་ར་ཤང་མངགས་གཏོང་ཁང་ལ་གཏོགས་ཁོངས་དེའི་ལས་ཡུལ་ཞིག་གི་ལས་མི་ཐེན་ཆེ་གེ་མོས“2021ལོར། ང་ཚོ་མི་བཞིས་ལས་ཡུལ་ག་གེ་མོར་ཟླ་བ་བདུན་རིང་ལས་ཀ་བྱས་པ་ཡིན། འོན་ཀྱང་སྦྱིན་བདག་གིས་ད་དུང་གླ་ཆ་སྤྲད་མ་བྱུང་། མི་དམངས་ཉེན་རྟོག་པས་འདུམ་འགྲིག་བྱེད་རོགས”ཞེས་གྱོད་དོན་སྙན་སེང་ཞུས། གྱོད་དོན་སྙན་སེང་འབྱོར་འཕྲལ། མི་དམངས་ཉེན་རྟོག་པས་ས་གནས་ས་ཐོག་ཏུ་བསྐྱོད་དེ་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱས་པ་རེད།

    རྒྱུས་ལོན་བྱས་པ་བརྒྱུད། གྱོད་དོན་སྙན་སེང་ཞུ་མཁན་ཐེན་ཆེ་གེ་མོ་སོགས་ཞིང་པ་ལས་མི་བཞིས་2021ལོའི་ཟླ་ལྔ་པ་ནས་བཅུ་གཅིག་པའི་བར་ལས་ཡུལ་ཞིག་ཏུ་ཚ་ལ་རྒྱག་པ་དང་ལྕགས་སྒོ་བསྒར་བའི་ལས་ཀ་བྱས་ཡོད་པ་དང་། ཕྱོགས་གཉིས་པོའི་བར་ལས་ཀ་ཚར་རྗེས་གླ་ཆ་སྤྲོད་རྒྱུའི་ཁ་ཆད་བྱས་ཡོད། ཡིན་ན་ཡང་ལས་ཡུལ་དེའི་སྦྱིན་བདག་གིས་ལས་ཀའི་ཚད་གཞི་མ་ལོན་པར་ཁ་གཡར་ནས་ད་བར་གླ་ཆ་མ་སྤྲད་པས། ཕྱོགས་གཉིས་པོའི་དབར་རྩོད་གཞི་བྱུང་ཞིང་། ཞིང་པ་ལས་མིས་གླ་ཆ་ལེན་ཐབས་ཐེངས་མང་བྱས་ཀྱང་མ་སྤྲད་སྟབས་མི་དམངས་ཉེན་རྟོག་པར་ཞུས་པ་རེད།

    ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་བྱ་ཆེད། མི་དམངས་ཉེན་རྟོག་པས་ཕྱོགས་གཉིས་པོ་བསྐོངས་ནས་རྩོད་གཞི་གསེད་བཀྲོལ་བྱས་པ་དང་ཆབས་ཅིག རྩོད་གཞིའི་དོན་དངོས་ལ་གཞིགས་ནས་དོ་བདག་ལ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འགྲེལ་བཤད་བརྒྱབ་པ་རེད། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་བརྒྱུད། ལས་ཡུལ་དེའི་འགན་འཁུར་བ་ཀྲང་ཆེ་གེ་མོས་མི་དམངས་ཉེན་རྟོག་པ་ཡོད་སར་འགྱངས་ཆད་བྱས་པའི་གླ་ཆ་སྒོར་203700སྤྲད་པ་རེད།

    གོམ་སྟབས་རྗེས་མར། རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མུ་མཐུད་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ནས། ཁོངས་གཏོཌ་ཀྱི་དོན་དངོས་ལ་གཞི་བཙུཌ་ཐོག བཅའ་ཁྲིམས་དང་། གནས་ལུགས། ཁེ་ཕན། བརྩེ་སེམས་བཅས་ལ་བརྟེན་ནས་མང་ཚོགས་ལ་ཁྲིད་སྟོན་དང་འགལ་ཟླ་བསལ་ཏེ། མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་མང་པོ་ཚོར་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།