དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    “ལྟ་འདོམས་གསུམ”དང“སྲུང་སྐྱོབ་གསུམ”ལ་བརྟེན་ནས་གྲངས་འཛིན་གྱི་ལྟ་འདོམས་བྱེད་སྟངས་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྤྱོད་ཚུལ་ལེཌ་གཏོང་དང་། དོན་འཁྱོལ་ལ་དམ་འཛིན། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གྲངས་གཞི་ཆེ་མོར་བརྟེན་པ་དང་། དོ་ཁུར་བྱེད་མང་བ་དང་གླེང་མང་བའི་དམངས་འཚོའི་གནད་དོན་ལ་དམ་པོར་དམིགས་པ། “ལྟ་འདོམས་གསུམ”དང“སྲུང་སྐྱོབ་གསུམ”མཐའ་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས། “གྲངས་གཞི་ཆེ་མོ་དང་ལྟ་འདོམས་ཟུང་དུ་འབྲེལ་བའི”བྱེད་སྟངས་གསར་པ་གཏོད་པར་འཚོལ་ཞིབ་ཧུར་ཐག་བྱས་ནས་རིག་ནུས་ལྟ་འདོམས་གྱི་ཚད་ཤིང་གསར་པ་བཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེ་སྔོན་སྐྱོད་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་ཐུབ་པ་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རིག་ནུས་ལྟ་འདོམས་ལ་བརྟེན་ནས་ལྕེ་ཐོག་གི་བདེ་འཇགས་སྲུང་སྐྱོང་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་རིག་ནུས་ཡིད་རྟོན་ལྟ་འདོམས་དང་། བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོ་དམ་གྱི་གཅིག་འཐུས་རྣམ་པའི་ཞབས་ཞུ། བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་དྲ་ཐོག་ནས་ཁྲིམས་སྒྱུར་བྱེད་པ་སོགས་ཀྱི་མ་ལག་བཙུགས་ཡོད། “དྲ་སྦྲེལ་དང་བཟའ་བཅའི་མྱུར་བཤེར་ཟུང་དུ་འབྲེལ་བ”དང་། “དྲ་སྦྲེལ་དང་། ཐབ་ཚང་ཕྱི་གསལ་ནང་གསལ། AIཡི་རིག་ནུས་བརྙན་ལེན་བཅས་ཟུང་དུ་འབྲེལ་བ” བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་ཁེ་ལས་ལ་རིག་ནུས་ཅན་གྱི་སྲིད་འཛིན་ཆོག་འཐུས། ལས་གཉེར་བའི་དྲ་ཐོག་གསོ་སྦྱོང་རྒྱུགས་སྤྲོད་མ་ལག “ཡིད་རྟོན་ལྡན་པའི་ཉིང་ཁྲི། བཟའ་བཅའི་བདེ་འཇགས་གསར་འཛུགས” “བཟའ་བཅའི་བདེ་འཇགས་ཀྱི་དཔེ་རིས” “ཉིང་ཁྲིའི་བཟའ་བཅའི་བདེ་འཇགས”སོགས་ཀྱི་བྱ་རིམ་ཆུང་ངུའི་བྱེད་སྟངས་བཏོད་པས། བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པོར་ཕྱོགས་ཀུན་ནས་ཡིད་རྟོན་ལྟ་འདོམས་དང་། “ངོ་འཕྲད་མི་དགོས་པའི་ཞིབ་མཆན་འགོད་པའི་ཞབས་ཞུ”དྲ་ཐོག་ནས་ཁྲིམས་སྒྱུར་ལྟ་འདོམས་བྱེད་ཐུབ་པ་བྱུང་བ་དང་། བརྒྱུད་རིམ་ཧྲིལ་པོར་དྲ་ཐོག་ནས་ལྟ་སྐུལ་ཁྲིམས་སྒྱུར་ཐེངས་ཁྲི་6068དང་། “དྲ་སྦྲེལ་དང་བཟའ་བཅར་མྱུར་བཤེར་བྱ་རྒྱུ་ཟུང་དུ་འབྲེལ་བ”ཐེངས་ཁྲི་6ལྷག་ཙམ་ཟིན་པ་དང་། བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཆོག་འཐུས་ཀྱི“ངོ་འཕྲད་མི་དགོས་པར་ཞིབ་མཆན་འགོད་པའི”ཞབས་ཞུར་བརྟེན་ནས་དོན་གནད་5294བསྒྲུབས་པ། “དྲ་སྦྲེལ་དང་ཐབ་ཚབ་ཕྱི་གསལ་ནང་གསལ་ཟུང་དུ་འབྲེལ་བའི”ཟ་ཁང་200ལྷག་ཙམ་བཙུགས་ནས་གློག་མིག་500ལྷག་ཙམ་བསྒར་བ་དང་AIཡི་སྒྲིག་འགལ་གསལ་འབྱེད་གྲངས་གཞི་ཁྲི་6ལྷག་ཙམ་ཟིན་ནས་བཟའ་བཅའི་བདེ་འཇཌ་ལ“ཉེ་ས”ནས་ཡུལ་དུས་ལ་ལྟ་འདོམས་བྱེད་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།