དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས།

    མཛེས་རྫས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཉེ་ཆར། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་མཛེས་རྫས་ཀྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་དང་། མཛེས་རྫས་གཉེར་སྐྱོང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། མཛེས་རྫས་གཉེར་སྐྱོང་མཁན་གྱི་སྤུས་ཚད་ཀྱི་བདེ་འཇགས་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་འཛད་སྤྱོད་པར་དེ་བས་བདེ་འཇགས་ལྡན་པའི་མཛེས་རྫས་ཁོར་ཡུག་ཅིག་བཏོད་ཡོད།

    ད་ཐེངས་ཀྱི་ཞིབ་བཤེར་ནི་ཁོངས་གཏོགས་ཁུལ་གྱི་མཛེས་རྫས་ཆེད་ཚོང་ཁང་དང་། སྒོ་རྩིས་ཚོང་ཁང་ཆེ་འབྲིང་གི་མཛེས་རྫས་ཆེད་སྒྲོམ་ཁུལ། མཛེས་བཟོ་དང་སྐྲ་བཟོའི་སྒྲིག་གཞི་སོགས་མཛེས་རྫས་གཉེར་སྐྱོང་དང་བེད་སྤྱོད་ཚན་པ་གཙོ་བོར་བྱས་ཡོད། གཙོ་གནད་ཐོག་གཉེར་སྐྱོང་བེད་སྤྱོད་ཚན་པའི་ཚོང་ཟོག་འཐེན་པའི་དཔྱད་བཤེར་ལམ་ལུགས་དང་། ལག་ཁྱེར་དང་སྤ་སེ་ལེན་པའི་ལམ་ལུགས། ཚོང་ཟོག་འཐེན་པའི་རྩིས་ཐོའི་ལམ་ལུགས་བཅས་འཐུས་སྒོ་ཚང་མིན་དང་། མཛེས་རྫས་ཀྱི་མཚོན་རྟཌ་ཤོག་བྱང་འབྲེལ་ཡོད་གཏན་འབེབས་དང་མཐུན་མིན། མཛེས་རྫས་ཀྱི་གོ་ཆོད་དུས་ཚད་ཐིམ་མིན། མཛེས་རྫས་གསོག་ཉར་གྱི་ཆ་རྐྱེན་ཤོག་བྱང་ངོས་སུ་བཀོད་པའི་ཆ་རྐྱེན་དང་མཐུན་མིན་བཅས་ལ་ཞིབ་བཤེར་བྱས་ཡོད།

    ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ནང་ལྷུན་གྲུབ་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཕྱིར་འཚོང་ཐོ་འགོད་སྙན་སེང་མ་བྱས་པ་དང་དུས་ཚོད་ཡོལ་བའི་མཛེས་རྫས་བཙོངས་པའི་ཁྲོམ་རའི་བྱེད་པོ་2ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་དང་། ད་ཆ་གྱོད་གཞི་ཐག་གཅོད་བྱས་ཟིན། 《མཛེས་རྫས་ལྟ་སྐུལ་དོ་དམ་སྲོལ་ཡིག》གི་དོན་ཚན་དྲུག་ཅུ་པ་དང་དོན་ཚན་རེ་གཅིག་པའི་གཏན་འབེབས་ལྟར་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། དངུལ་ཆད་མི་དམངས་ཤོག་སྒོར་5500གཅོད་རྒྱུ། ཐོ་འགོད་སྙན་སེང་མ་ཞུས་པ་དང་སྤྱོད་དུས་ཡོལ་བའི་མཛེས་རྫས་ཤེལ་དམ་25གཞུང་བཞེས་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།