དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས།

    2023ལོའི་དུག་རྫས་ཡོངས་བསྒྲགས་སུ་གཅིག་སྡུད་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    འདི་ནི་ཆུ་ཤུར་རྫོང་ཉེན་ཡོད་བེད་མེད་དངོས་རྫས་གཙང་སེལ་ལྟེ་གནས་སུ་འབྲེལ་ཡོད་མི་སྣས་མེར་སྲེག་གཏོང་བར་བྱ་བའི་དུག་རྫས་གཙང་བཤེར་བྱེད་བཞིན་པ།

    འདི་ནི་མི་དམངས་ཉེན་རྟོག་པས་དུག་རྫས་སྒམ་50ཆུ་ཤུར་རྫོང་ཉེན་ཡོད་བེད་མེད་དངོས་རྫས་གཙང་སེལ་ལྟེ་གནས་སུ་དབོར་ནས་གཅིག་སྡུད་མེད་པར་བཟོ་བཞིན་པ།

    འདི་ནི་ཆུ་ཤུར་རྫོང་ཉེན་ཡོད་བེད་མེད་དངོས་རྫས་གཙང་སེལ་ལྟེ་གནས་སུ་ལས་དོན་པས་དུག་རྫས་མེད་པར་བཟོ་སའི་གློག་སྒོ་གནོན་བཞིན་པ།

    ཧུའུ་མོན་དུ་ཉལ་ཐ་བསྲེགས་ནས་ལོ་184འཁོར་བར་དྲན་གསོ་ཞུ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་དུག་འགོག་ཨུ་ལྷན་གྱིས་ལྗོངས་སྤྱི་བདེ་ཐིང་དུ་2023ལོའི་དུག་རྫས་ཡོངས་བསྒྲགས་སུ་གཅིག་སྡུད་མེད་པར་བཟོ་བའི་བྱེད་སྒོ་སྤེལ་ཏེ། 2016ལོ་ནས་བཟུང་གཞུང་བཞེས་བཏང་བའི་རིགས་ཁག་གི་དུག་རྫས་སྤྱི་རྒྱ་352གཅིག་སྡུད་མེད་པར་བཟོས་པ་རེད།

    ལོ་མང་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུག་འགོག་ལས་དོན་གྱི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། དུག་རྫས་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུག་འགོག་ཤེས་བྱ་ཁྱབ་གདལ་གཏོང་བའི་སློབ་གསོ་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས། དུག་རྫས་འགོག་པའི་མི་དམངས་ཀྱི་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། རིམ་ཁག་དུག་འགོག་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་དུག་རྫས“ཐར་པ་གཏན་ནས་མི་བཏང་བར”དུག་འགོག་གི་བྱེད་ཕྱོགས་མཐའ་འཁྱོངས་ཀྱིས་སྔོན་ལ་བྱ་སྤྱོད་སྤེལ་བ་དང་། རང་འགུལ་ངང་དམག་འཐབ་རྒྱག་པ་མཐའ་འཁྱོངས་ཀྱིས་རྡུང་རྡེག་གཏོང་བ་དང་། སྔོན་འགོག དོ་དམ། བཅོས་སྐྱོང་། དྲིལ་བསྒྲགས་བཅས་བྱེད་པའི་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དུག་འགོག་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་བཏང་སྟེ། རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་ཧུར་ཐག་བྱེད་བཞིན་ཡོད།

    བྱེད་སྒོ་སྤེལ་འགོ་ཚུགས་རྗེས། དམ་ཤོག་སྦྱར་ཡོད་པའི་དུག་རྫས་སྒམ་50ཆུ་ཤུར་རྫོང་ཉེན་ཡོད་བེད་མེད་དངོས་རྫས་གཙང་སེལ་ལྟེ་གནས་སུ་དབོར་ནས་གནོད་མེད་རྫས་འགྱུར་ལག་རྩལ་སྤྱད་དེ་མེར་བསྲེགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་དེར་མེད་པར་བཟོས་པའི་དུག་རྫས་ནི་རང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་དུག་འབྲེལ་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཁྲོད་ཤེས་རྟོགས་བྱུང་བའི་རིགས་ཁག་གི་དུག་རྫས་ཡིན་པ་དང་། དེའི་ཁྲོད་དུ་འཁྱགས་དུག་དང་། ཧའེ་ལུའོ་དབྱིན། མཱ་ཀུའུ། སོ་མ་ཚིལ་སོགས་ཁྱོན་སྤྱི་རྒྱ་352ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་། ལྷ་སའི་ཀུན་གསལ་གཞུང་དཔང་ཁྲུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་ལྟ་སྐུལ་བྱས་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ལས་ཏང་དང་རྒྱལ་ཁབ་ཀྱི་དུག་འགོག་གི་ཆོད་སེམས་བརྟན་པོ་མཚོན་ཡོད་ལ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་དུག་འགོག་གི་རྣམ་འགྱུར་ཡང་གསལ་པོ་མཚོན་པའི་ཁར། ཉེ་བའི་ལོ་ཤས་རིང་གི་རང་ལྗོངས་ཀྱི་དུག་འགོག་ལས་རྣམ་པར་རྒྱལ་བའི་མི་དམངས་ཀྱི་དམག་འཐབ་འདིར་དགའ་འོས་པའི་གྲུབ་འབྲས་ཐོབ་པའང་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།