དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་ཡིད་རྟོན་འཕེལ་བའི་བྱ་སྤྱོད་སྤེལ་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཡིད་རྟོན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས་གཉེར་སྐྱོང་བྱེད་པོའི་དཀའ་གནད་སེལ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་དང་། ལྗོངས་འཕེལ་སྒྱུར་ཨུ་ལྷན། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་བཅས་ཀྱིས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་ཡིད་རྟོན་འཕེལ་བར་བྱས་ནས་གཉེར་སྐྱོང་བྱེད་པོའི་དཀའ་གནད་སེལ་རོགས་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུར་ཡིད་རྟོན་ལེགས་པའི་ཁེ་ལས་ཀྱི་འཐུས་མིས། རང་ངོས་ཀྱི་ཡིད་རྟོན་འཛུགས་པའི་ཐད་སྤེལ་རེས་གཏམ་བཤད་བྱས་པ་དང་། དེ་སྔ་སྲིད་འཛིན་གྱི་ཆད་པ་ཕོག་པ་དང་ཐ་ཚིག་སྒྲོག་པའི་མིང་ཐོའི་ནང་བཅུག་མོད། འོན་ཀྱང་ཕྱིས་སུ་ཡིད་རྟོན་ལེགས་སུ་ཕྱིན་པའི་ཁེ་ལས་ཀྱི་འཐུས་མིས་ཡིད་རྟོན་སླར་གསོའི་ཉམས་མྱོང་དང་དེ་བཞིན་ཡིད་རྟོན་གྱི་གལ་ཆེའི་རང་བཞིན་ཐད་སྤེལ་རེས་གཏམ་བཤད་བྱས་པ་རེད། ཚོགས་ཞུགས་ཁེ་ལས་མཁས་ཅན་གྱི་འཐུས་མིས་ཀྱང་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་བརྒྱུད་ཡིད་རྟོན་འཕེལ་བའི་ལས་ཀའི་ནང་དོན་སྔར་བས་ཤེས་རྟོགས་གཏིང་ཟབ་བྱུང་བ་དང་ཕན་ཆེ་སྟབས་བདེའི་ངང་ཡིད་རྟོན་སླར་གསོ་བྱེད་སྟངས་ཤེས་བྱུང་ལ། ཡིད་རྟོན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ། སྐབས་བསྟུན་ལྟ་འདོམས་དང་། ལོ་འཁོར་སྙན་ཞུ། ཡིད་རྟོན་ལྟ་འདོམས་སོགས་ལ་ངོས་འཛིན་ཟབ་ཏུ་ཕྱིན་སོང་། གོམ་སྟབས་རྗེས་མར། རང་ངོས་ཀྱི་ཡིད་རྟོན་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་ཐོན་སྐྱེད་གཉེར་སྐྱོང་བྱས་ཏེ་ཡིད་རྟོན་སྲུང་བ་དང་དེར་གཙིགས་ཆེན་བྱེད་མཁན་གཉེར་སྐྱོང་བྱེད་པོ་ཞིག་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།