དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • མི་སེམས་ལ་ཟུག་པའི་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-20

    རྒྱ་ཆེའི་གྲོང་མི་ཚོའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་གཞུང་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཉུང་དུ་དང་སྔོན་འགོག་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་དྲིལ་བསྒྲགས་བྱས་པ་རེད། མི་དམངས་ཉེན་རྟོག་པས་གྲོང་མི་དང་ཡུལ་སྐོར་བར་དྲིལ་བསྒྲགས་ལག་དེབ་སྤྲོད་པ་དང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་གནོད་འཚེའི་རང་བཞིན་གསལ་བཤད་སོགས་བྱས་ནས། ཚང་མས་རང་འགུལ་ངང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ། འགྲོ་སྐྱོད་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་དགོས་པའི་དྲན་སྐུལ་བྱས་པ་རེད། འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་གྲོང་མི་མང་ཚོགས་ལ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱར་འགྲེལ་བཤད་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།