དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་དྲན་སྐུལ་བྱས་དོན།

    རྒྱ་ཆེའི་འཛད་སྤྱོད་པས་ཚན་རིག་དང་མཐུན་ལ་ཚུལ་མཐུན་ངང་ཉོ་སྒྲུབ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-20

    “6·18”དྲ་ཐོག་ཉོ་སྒྲུབ་ཀྱི་ཚ་རླབས་འཕྱུར་བའི་སྐབས་འདིར་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་ར་ལྟ་འདོམས་ཅུས་དང་ལྷ་ས་གྲོང་ཁྱེར་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པས་ཚན་རིག་དང་མཐུན་ལ་ཚུལ་མཐུན་གྱི་སྒོ་ནས་ཉོ་སྒྲུབ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། གོང་ཁེའི་ཚོང་ཟོག་རྨོངས་ཚོད་ཀྱིས་མི་ཉོ་བ་དང་། ཐད་གཏོང་ལ་འུད་སྒྲོག་བྱས་པའི་རིན་གོང་དམའ་ཤོས་སོགས་ཀྱི་ཆ་འཕྲིན་གྱི་བསླུ་བྲིད་འོག་ཚུད་ནས་བསམ་བློ་མ་བཏང་བར་འཛད་སྤྱོད་བྱེད་མི་རུང་བ། ཚད་ལྡན་གྱི་ལས་སྟེགས་འདེམས་པ་དང་། ཁྲིམས་འགལ་དྲ་ཚིགས་ཀྱི་རྒྱ་རྙིར་མི་ཚུད་པ་དང་མི་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པ་བྱ་ཆེད་མི་རྒྱུས་མེད་ཀྱིས་མཁོ་འདོན་བྱས་པའི་དྲ་ཚིགས་དང་སྦྲེལ་མཐུད་བྱེད་མི་རུང་། དུས་ཐོག་ཏུ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱས་ནས་ཉོ་སྒྲུབ་བྱེད་སྐབས་ཉོ་སྒྲུབ་འཛིན་ཤོག་དང་། མངགས་ཐོའི་ཟིན་ཐོ། མྱུར་སྐྱེལ་ཨང་རྟགས་སོགས་ཉོ་སྒྲུབ་དཔང་འཛིན་རྣམས་ཉར་ཚགས་ཡག་པོ་བྱེད་དགོས། འཛད་སྤྱོད་ཀྱི་རྩོད་གཞི་ཐོན་སྐབས་ཚོང་གཉེར་པའམ་ཡང་ན་དྲ་ཐོག་ཚོང་དོན་ལས་སྟེགས་དང་གྲོས་མོལ་བྱས་ནས་ཐག་གཅོད་བྱེད་ཆོག གལ་ཏེ་གྲོས་མོལ་མ་ཐུབ་ཚེ་ཚོང་གཉེར་པ་གནས་སའི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི12315བརྒྱུད་ནས་ཞུ་གཏུག་བྱེད་ཆོག་ལ་དྲ་ཐོག་ཚོང་དོན་ལས་སྟེགས་གནས་སའི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལའང་ཞུ་གཏུག་བྱེད་ཆོག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།