དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གིས་2023ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-20

    ཉེ་ཆར། རང་སྐྱོང་ལྗོངས་ནག་སེལ་གཤེད་བཅོམ་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གིས་2023ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བར་འགན་ལེན་གྱི་ནུས་པ་གལ་ཆེན་ལྡན་ཡོད། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་དང་སྔ་ཙམ་དང་ཆུང་ཙག་ནས་རྡུང་རྡེག་མཐའ་འཁྱོངས་བཏང་སྟེ་སྤྱི་ཚོགས་ལ་གནོད་འཚེ་མི་ཕོག་པར་བྱེད་དགོས། དྲ་རྒྱ་དང་འབྲེལ་བའི་ནག་གཤེད་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས། དྲ་ཐོག་གི་ནག་གཤེད་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་དགོས། ནག་སེལ་གཤེད་བཅོམ་དང་ཁ་ཕྲལ་ལ་ངོ་རྒོལ་གྱིས་བརྟན་ལྷིང་སྲུང་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ནག་གཤེད་ཚར་གཅོད་དང་བརྟན་ལྷིང་སྲུང་སྐྱོང་ཐུབ་པར་བྱེད་དགོས། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་སུ་བཅོས་སྒྲིག་ཟབ་ཏུ་བཏང་ནས་ནག་གཤེད་ཕྱོགས་གཏོགས་ཐོན་ས་མཐའ་གཅིག་ཏུ་མེད་པར་བཟོ་དགོས། གཞོན་ནུ་ལོ་ཆུང་གི་ནག་གཤེད་དང་འབྲེལ་བའི་གནད་དོན་ལ་འགོག་ཟོན་དང་བཅོས་སྒྲིག་བྱས་ཏེ་གཞོན་ནུ་ལོ་ཆུང་གི་བདེ་ཐང་འཚར་ལོངས་ལ་སྲུང་སྐྱོང་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ཟབ་ཏུ་བཏང་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་ཤུགས་ཆེན་གཏོང་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས་འགོ་ཚུགས་ལོར་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱ་ཆེད་བདེ་འཇགས་དང་བརྟན་ལྷིང་ལྡན་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།