དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཡར་སླེབས་མཐའ་མཚམས་མངགས་གཏོང་ཁང་གིས།

    ཉེན་བརྡ་འབྱོར་འཕྲལ་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    འདི་ནི་ཡར་སླེབས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་ལས་འཛོལ་ཐོན་ཡུལ་དུ་རོགས་སྐྱོབ་བྱེད་བཞིན་པ།

    “སྟབས་ལེགས་པ་ཞིག་ལ་ཁྱེད་ཚོ་སླེབས་བྱུང་། ཁྱེད་ཚོ་མེད་ན་གང་བྱེད་དགོས་པའང་ཤེས་ཀྱི་མི་འདུག ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” རོགས་སྐྱོབ་ཐོབ་པའི་མང་ཚོགས་ཀྱིས་གོས་དར་འཁྱེར་ཏེ་གཞིས་རྩེའི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཡར་སླེབས་མཐའ་མཚམས་མངགས་གཏོང་ཁང་དུ་ཡོང་ནས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ཉིན་ཤས་གོང་། མངགས་གཏོང་ཁང་དེའི་མི་དམངས་ཉེན་རྟོག་པས་གཉའ་ནང་རྫོང་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ནས་བཏང་བའི“ཁྱེད་ཚོའི་ཁོངས་གཏོགས་ཁུལ་གྱི་དུ་ལུང་གྲོང་ཚོར་འགྲིམ་འགྲུལ་ལས་འཛོལ་ཞིག་ཐོན་ཏེ། མང་ཚོགས་གཉིས་ལ་རྨས་སྐྱོན་ཕོག་འདུག་པས། ཉེན་རྟོག་པ་མངགས་ནས་རོགས་སྐྱོབ་བྱེད་དགོས་པའི”ཉེན་བརྡ་དང་ལེན་བྱས་པ་རེད། ཉེན་བརྡ་ནི་བཀའ་རྒྱ་ཡིན། སྤྱི་བདེ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཉེན་བརྡ་འབྱོར་མ་ཐག་འཕྲལ་དུ་བྱ་སྤྱོད་སྤེལ་ཏེ་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་རྐྱེན་གཙོ་བོ་ནི་རླངས་འཁོར་ལམ་ངོས་ཀྱི་རྡོ་ཧྲུག་ལ་འཁོན་ཏེ་གཞོགས་གཅིག་ཏུ་ལོག་པ་ཞིག་ཡིན་ཞིང་། དེ་ནི་ཕྱོགས་རྐྱང་པའི་འགྲིམ་འགྲུལ་ལས་འཛོལ་ཞིག་རེད། ཁ་ལོ་བར་རྨས་སྐྱོན་ཕོག་མེད་ནའང་རླངས་འཁོར་དུ་བསྡད་པའི་མི་གཞན་ཞིག་གི་མགོ་ལ་རྨས་སྐྱོན་ཕྲན་བུ་ཕོག་ཡོད་པ་རེད།

    མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྟོགས་བྱས་རྗེས་རླངས་འཁོར་འདྲུད་མཁན་གྱི་ཀུང་སིར་འབྲེལ་བ་བྱེད་རོགས་བྱས་པ་མ་ཟད། རླངས་འཁོར་ནང་གི་གལ་ཆེའི་དངོས་པོ་དག་ཉེན་རྟོག་པའི་རླངས་འཁོར་ནང་སྤོས་པ་དང་རྨས་མ་རྣམས་གཉའ་ནང་རྫོང་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་ཞིབ་ཕྲ་བྱས་པ་རེད། མིག་སྔར་ད་རེས་ཀྱི་ལས་འཛོལ་དེ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།