དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས།

    ལག་བསྟར་གྱོད་གཞིའི་དངུལ་སྒོར་ ཁྲི་183ལྷག་ཙམ་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

     ཟླ་5ཚེས་24ཉིན། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས་དོ་བདག་15ལ་ལག་བསྟར་གྱོད་གཞིའི་དངུལ་སྒོར་ཁྲི་183ལྷག་ཙམ་གཅིག་སྡུད་ཐོག་སྤྲད་དེ། ལག་བསྟར་རེ་འདུན་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་དོན་འཁྱོལ་བྱེད་པའི་མཐའ་མའི་འགག་གནད་བསལ་བས། ཆབ་སྲིད་ཀྱི་ཕན་འབྲས་དང་། བཅའ་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད།

    གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་མི་སྣས། “འདི་ནི་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས་འདི་ལོ་ལག་བསྟར་གྱོད་གཞིའི་དངུལ་གཅིག་སྡུད་ཐོག་སྤྲོད་ཐེངས་གཉིས་པ་ཡིན་པ་དང་། ལག་བསྟར་གྱོད་གཞིའི་དངུལ་ཉོ་ཚོང་གན་རྒྱའི་རྩོད་གཞི་དང་། འཛུགས་སྐྲུན་ལས་གྲྭའི་གན་རྒྱའི་རྩོད་གཞི། དངུལ་བུན་གཡར་བའི་གན་རྒྱའི་རྩོད་གཞི་སོགས་གྱོད་གཞི་སྣ་ཚོགས་དང་འབྲེལ་བ་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ལས་དོན་མི་སྣས། གྱོད་དོན་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་ཀྱི་ལྷུ་ཚིགས་སུ་མཉམ་ལས་དམ་ཟབ་བྱས་པ་བརྒྱུད། ལག་བསྟར་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ་དང་། ཚོང་གཉེར་གྱི་ཁོར་ཡུག་ཁྲིམས་བཞིན་སྐྱོང་རྒྱུ་འགན་ལེན་ཏན་ཏིག་ཐུབ་པ། ཁྲོམ་རའི་བྱེད་པོའི་ཡིད་ཆེས་ཆེ་རུ་ཕྱིན་པ་བཅས་ལས“དཔེ་མཚོན་གྱོད་དོན་གཅིག་ཡག་པོ་བསྒྲུབས་ནས་ཡུག་གཅིག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི”ཕན་འབྲས་ཐོན་ཡོད་ཅེས་ངོ་སྤྲོད་བྱས།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་གྲ་ནང་རྫོང་མི་དམངས་ཁྲིམས་ཁང་གིས་རིགས་ཁག་གི་ལག་བསྟར་གྱོད་གཞི་ཁག་96བདག་སྤྲོད་བྱས་པ་དང་། གྱོད་དོན་62བསྒྲུབས་པར་གྱོད་ཐག་གཅོད་ཚད་64.58%ཟིན་ཡོད། ལག་བསྟར་རེ་ཞུའི་དམིགས་བྱའི་དངུལ་འབོར་སྒོར་ཁྲི་7104ལྷག་ཙམ་ཟིན་པ་དང་། གྱོད་ཐག་གཅོད་པའི་དམིགས་བྱའི་དངུལ་འབོར་སྒོར་ཁྲི་5881.7ལྷག་ཙམ་ཟིན་ཡོད། དངོས་སུ་ལག་བསྟར་བྱས་པ་བརྒྱུད་སྒོར་ཁྲི་5547.2ལྷག་ཙམ་དམིགས་སར་འབྱོར་བ་དང་། དམིགས་སར་འབྱོར་ཚད་78.09%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།