དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • སྤུ་ཧྲེང་གི་སྤྱི་བདེས་ཁ་བསླུས་ཐེབས་པའི་མང་ཚོགས་ཀྱི་དངུལ་སྒོར་ཁྲི་12ཕྱིར་བསློགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱིས་ཁ་བསླུས་ཐེབས་པའི་མང་ཚོགས་ཀྱི་སྒོར་ཁྲི་12བདེ་བླག་ངང་འདེད་ལེན་བྱས་ཏེ་མང་ཚོགས་ལ་ཕྱིར་སྤྲད་པར། ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

    ཟླ་4ཚེས་11ཉིན། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྲང་ཆེ་གེ་མོའི་གྱོད་དོན་སྙན་སེང་ཞིག་འབྱོར་བར། ཅིང་ཏུང་གི་ཞབས་ཞུ་བར་བརྫུས་པའི་མི་ཞིག་གིས་སྔ་རྗེས་སུ་ཁོང་ལ་སྒོར་ཁྲི་12ལྷག་ཙམ་གྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་བརྒྱབ་ཡོད་པ་རེད། གྱོད་དོན་སྙན་སེང་འབྱོར་རྗེས། རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་དུ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ནས། མི་དམངས་ཉེན་རྟོག་པར་ནུས་ཤུགས་ཡོད་རྒུས་མགོ་སྐོར་ཐེབས་པའི་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་མི་ཕོག་པ་བྱེད་དགོས་པའི་བཀའ་བཏང་བ་རེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉིན་མཚན་མེད་པར་དཀའ་ངལ་སྣ་ཚོགས་ལ་ཁྱད་བསད་བྱས་ཏེ་འབད་བརྩོན་ལྷོད་མེད་ཀྱིས་ལས་དོན་འབོར་ཆེན་བསྒྲུབས་པ་བརྒྱུད། ཟླ་5ཚེས་14ཉིན། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་12བདེ་བླག་ངང་འདེད་ལེན་བྱས་པ་དང་འབྲེལ། མགོ་སྐོར་ཐེབས་པའི་མང་ཚོགས་ལ་དངུལ་ཕྱིར་བསློགས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམ་བཅའ་ལག་ལེན་བསྟར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།