དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱིས།

    སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    སྤྱི་ཚོགས་འགན་བཅོལ་གྱི་འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དང་། ཞིང་འབྲོག་མང་ཚོགས་ཀྱིས་རྒན་གསོ་འགན་བཅོལ་དང་ལས་རྨས་འགན་བཅོལ་གྱི་སྲིད་ཇུས་ཤེས་རྟོགས་ཐུབ་པ། འགན་བཅོལ་ནང་ཞུགས་པའི་ཞིང་འབྲོག་མང་ཚོགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣ་ཤང་གྲོང་དང་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་དེ། “གཱ་ཁྲི་སྟོང་མང་པོ་ཡོད་པ་ལས་སྤྱི་ཚོགས་འགན་བཅོལ་གཱ་གཅིག་ཡོད་ན་དགའ་བ་དང་འགན་བཅོལ་ཁྲི་སྟོང་མང་པོ་ཡོད་པ་ལས་སྤྱི་ཚོགས་འགན་བཅོལ་ཡོད་ན་དགའ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་དང་། ལས་རྨས་འགན་བཅོལ། སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གི་ཐོབ་ཐང་ཁས་ལེན་དཔང་འཛིན། གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ་རེ་ཞུ་སོགས་སྲིད་ཇུས་དྲིལ་བསྒྲགས་དེབ་200ལྷག་ཙམ་སྤྲད་པ་རེད། སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་འགན་ལེན་དང་ཞིང་འབྲོག་མང་ཚོགས་ཞུགས་ཚད་མང་དུ་གཏོང་ཆེད། སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱི་ལས་དོན་མི་སྣས་ད་དུང་མང་ཚོགས་ཀྱིས་དོ་ཁུར་དང་གླེང་མང་བའི་གནད་དོན་དང་དཀའ་གནད་སྐོར་ལ“ཁྱེད་ཀྱི་དྲི་བར་ངས་ལན་འདེབས”པའི་རྣམ་པའི་ཐོག་ནས་སྤེལ་རེས་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མང་ཚོགས་ལ་དྲ་ཐོག་གི་འོས་ཐོབ་བདེན་པ་ཡིན་པའི་ར་སྤྲོད་བྱེད་རོགས་བྱས་ནས་མང་ཚོགས་ཀྱིས་གོ་ཐུབ་པ་དང་གཉེར་ཐུབ་པའི་འགན་ལེན་བྱས་པ་རེད།

    གོམ་སྟབས་རྗེས་མར། བྲག་ཡིབ་ཆུས་མི་སྤྱི་ཅུས་ཀྱི་སྤྱི་ཚོགས་འགན་བཅོལ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཤང་དང་གྲོང་རྡལ་དང་ཁེ་ལས་ཁག་ཏུ་མུ་མཐུད་བསྐྱོད་དེ། མང་ཚོགས་ཀྱི་དོགས་འཆར་བསལ་ནས་དམངས་ཕན་གྱི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་དང་མང་ཚོགས་ཀྱི་སེམས་ལ་ཟུག་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།