དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས།

    དམངས་དོན་ཁྲིམས་གཞུང་གི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    འདི་ལོའི་ཟླ་5པ་ནི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”གསུམ་པ་དེ་ཡིན་ཞིང་། དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་། བེད་སྤྱོད། གོང་བཀུར་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས“མཛེས་སྡུག་ལྡན་པའི་འཚོ་བ·དམངས་དོན་ཁྲིམས་གཞུང་དང་མཉམ་དུ་འགྲོགས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    དམངས་དོན་ཁྲིམས་གཞུང་ལས་ཁུངས་སུ་ཁྱབ་གདལ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ལས་བྱེད་པ་དང་ལས་བཟོའི་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་བ། ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱ་ཆེད། ཉེ་ཆར་བྲག་ཡིབ་ཆུས་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གིས《ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་འགོ་ཁྲིད་ལས་བྱེད་པར་དམངས་དོན་ཁྲིམས་གཞུང་གི་རིགས་པའི་གཞུང་ལུགས་ཤེས་བྱའི་ཚོད་རྒྱུགས་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་བྲག་ཡིབ་ཆུས་ཀྱི་འགོ་ཁྲིད་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས་ཡིག་རྒྱུགས་བཏང་བར་བསྡོམས་མི་850ཙམ་ཞུགས་ཡོད་པ་རེད།

    དམངས་དོན་ཁྲིམས་གཞུང་སློབ་གྲྭར་ཁྱབ་གདལ་བཏང་ཞིང་། དམངས་དོན་ཁྲིམས་གཞུང་སློབ་ཁང་དང་། སློབ་ཚན། སློབ་མའི་སེམས་ཁམས་བཅས་སུ་ཁྱབ་གདལ་དང་སློབ་མའི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་དགུན་ཚང་ཁྲིམས་འཛིན་སུའོ་ཡིས་དགུན་ཚང་མོན་པ་མི་རིཌ་ཤང་སློབ་ཆུང་དུ“མཛེས་སྡུག་ལྡན་པའི་འཚོ་བ·དམངས་དོན་ཁྲིམས་གཞུང་དང་མཉམ་དུ་འགྲོགས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་བའི་བྱེད་སྒོ་མཉམ་དུ་སྤེལ་བ་རེད། དགེ་རྒན་དང་སློབ་མ་100ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་150ལྷག་ཙམ་སྤྲད་པ་རེད།

    དམངས་དོན་ཁྲིམས་གཞུང་ཁེ་ལས་སུ་ཁྱབ་གདལ་བཏང་ཞིང་། ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་མི་སྣ་དང་ཁེ་ལས་ཀྱི་ལས་བཟོའི་བཅའ་ཁྲིམས་བྱང་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོཌ་ཚན་པ་བཞི་དང་མཉམ་དུ་འཛུགས་སྐྲུན་ཐོན་ལས་གླིང་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་འཆད་ཁྲིད་བྱས་པ་དང་། བསྡོམས་ཁེ་ལས་28ཞུགས་ཡོད་པ་རེད།

    དམངས་དོན་ཁྲིམས་གཞུང་གྲོང་གསེབ་ཏུ་ཁྱབ་གདལ་བཏང་ཞིང་། “ལོ་ལྔའི་འཆར་གཞི་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་འཆར་འགོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཁོངས་གཏོགས་ཀྱི་གྲོང་མི་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་གྱི་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཤང་དང་གྲོང་རྡལ་བདུན་གྱི་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་དེ་བཞིན་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིར《དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དཔེ་མཚོན་གྱོད་དཔེ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། ཤང་དང་གྲོང་རྡལ་ཁག་གི་ཁྲིམས་འཛིན་སུའོ་ཡིས་རང་སོ་སོའི་ཁོངས་གཏོགས་སུ“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་ཁྱོན་མི་4450ལྷག་ཙམ་ཞུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་6580ལྷག་ཙམ་སྤྲད་པ། མི་ཐེངས་56ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲི་དང་ལེན་བྱས་ཡོད་པ་རེད།

    དམངས་དོན་ཁྲིམས་གཞུང་སྡེ་ཁུལ་དུ་ཁྱབ་གདལ་བཏང་ཞིང་། དམངས་དོན་ཁྲིམས་གཞུང་གི་སློབ་སྦྱོང་དང་དྲིལ་བསྒྲགས་དེ་གཏིང་ཟབ་ཏུ་གཏོང་བ་དང་། ཏན་ཏིག་ཐུབ་པར་བྱེད་པ། སེམས་ལ་ཟུག་པར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་ལྗོངས་ཁྲིམས་འཛིན་ཅུས་ཀྱིས་ཚན་པ་34སྒྲིག་འཛུགས་བྱས་ཏེ་འབྲི་གཡག་ཐང་ཆེན་དུ་བྲག་ཡིབ་ཆུས་ཀྱི་2023ལོའི“མཛེས་སྡུག་ལྡན་པའི་འཚོ་བ·དམངས་དོན་ཁྲིམས་གཞུང་དང་མཉམ་དུ་འགྲོགས”ཞེས་པའི་བརྗོད་དོན་གཙོ་བོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ཁྲིམས་སྐྱོང་དྲིལ་བསྒྲགས་ལག་དེབ་སྣ་ཚོགས་5800སྤྲད་པ་དང་། མི་ཐེངས་39ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་ལན་བརྒྱབ་པ་རེད།

    དམངས་དོན་ཁྲིམས་གཞུང་དྲ་རྒྱར་ཁྱབ་གདལ་བཏང་ཞིང་། “དམངས་དོན་ཁྲིམས་གཞུང་དྲིལ་བསྒྲཌ་ཟླ་བ”ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་གཏོང་བ་དང་དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཆུས་ཁྲིམས་འཛིན་ཅུས་ཀྱིས“བྲག་ཡིབ་ཁྲིམས་འཛིན་གྱིས་དམངས་ཆེད་ལས་དོན་སྒྲུབ”ཞེས་པའི་སྐད་འཕྲིན་སྤྱི་རྟགས་ཀྱི“བཅའ་ཁྲིམས་ཁྱབ་གདལ་དུས་ཚོད”ཅེས་པའི་ཆེད་སྒྲིག་ལེ་ཚན་སྤྱད་ནས། དམངས་དོན་ཁྲིམས་གཞུང་གི་བཅའ་ཁྲིམས་ཤེས་བྱ་དང་དེ་བཞིན་འབྲེལ་ཡོད་གྱོད་དཔེ་བརྒྱུད་བསྐུར་ཧུར་ཐག་བྱས་ཡོད། མིག་སྔའི་བར་བསྡོམས་གྱོད་དཔེ་ཁག་26བརྒྱུད་བསྐུར་བྱས་པར་ལྟ་མཁན་མི་ཐེངས་5320ལྷག་ཙམ་ཟིན་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས། ད་ཐེངས་ཀྱི“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲཌ་ཟླ་བའི”བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་ནུས་ལྡན་ཕྱིན་ཡོད། གོམ་སྟབས་རྗེས་མར་བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་ཐབས་ལམ་མུ་མཐུད་རྒྱ་ཆེར་གཏོང་བ་དང་བཅའ་ཁྲིམས་ཁྱབ་གདལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།