དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • “གཙང་བཟོ་རྒྱུན་གཅོད”ཀྱི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བས་དུག་རྫས་ཉེས་གསོག་བཀག་སྡོམ་ནུས་ལྡན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ལྗོངས་ཡོངས་ཀྱི་དུག་འབྲེལ་གནས་ཚུལ་གྱི་ཁྱད་ཆོས་གསར་པ་དང་འཕེལ་ཕྱོགས་གསར་པར་གཞིགས་ཏེ། དུག་འབྲེལ་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་གྲོང་ཁྱེར་གྱི་བཙོག་ཆུ་དང་སྐྲ་དང་སྤུ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དུག་འབྲེལ་གནས་ཚུལ་སྔོན་དཔག་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་མ་ལག་གང་མགྱོགས་བཙུགས་ནས་དུག་འགོག་ལས་དོན་གྱི་ཚན་རྩལ་བཀོལ་སྤྱོད་བྱེད་ནུས་དང་ཆུ་ཚད་མཐོ་རུ་བཏང་ཡོད། “གཙང་བཟོ་རྒྱུན་གཅོད”ཀྱི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། དུག་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ཞིང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚུན་དུ། ལྗོངས་ཡོངས་སུ་དུག་འབྲེལ་གྱོད་གཞི་12རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན་14བཟུང་བ། དུག་འཐེན་མཁན་22ཞིབ་བཤེར་ཐག་གཅོད་བྱས་པ། དུག་རྫས་སྣ་ཚོགས་ཁེ་207.89གཞུང་བཞེས་བཏང་བ། དྲ་རྒྱ་ནས་འཇུ་བཟུང་བཀའ་རྒྱ་བཀྲམ་པའི་དུག་འབྲེལ་བྲོས་བྱོལ་བ་3བཟུང་ཡོད།

    “དུས་བདེ་གཅེས་སྐྱོང”གི་བྱ་སྤྱོད་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། དུག་རྫས་གང་བྱུང་དུ་སྤྱོད་པའི་གནོད་ཚབས་སྔར་བས་ཆུང་དུ་བཏང་ཞིང་། དུག་འབྲེལ་ལས་འཛོལ་དང་ཆག་སྒོ་སློང་བའི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུ་གཙོ་གནད་དུ་བྱས་ནས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དུག་རྫས་གང་བྱུང་དུ་སྤྱོད་པའི་གནད་དོན་བཅོས་སྒྲིག་བྱས་པ་དང་། དུག་རྫས་འཐེན་མཁན་ལ་ཁོངས་གཏོགས་ཀྱིས་དོ་དམ་ཚོད་འཛིན་བྱེད་པའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་པ་དང་ས་ཁུལ་དང་གྲོང་ཁྱེར་གྱི་དུག་འགོག་སྡེ་ཚན་གྱིས་དུག་འཐེན་མཁན་ལ་དོ་དམ་ཚོད་འཛིན་བྱེད་པའི་བྱ་ཐབས་སྔར་བས་དོན་འཁྱོལ་ཞིབ་ཚགས་བྱས་པ། ལས་འཛོལ་དང་ཆག་སྒོ་སློང་བའི་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་ཆེད། འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱས་པ་དང་། ཁ་ལོ་བ་དང་རླངས་འཁོར་སྡོད་མཁན་ལ་གཅིན་པ་བརྟག་དཔྱད་བྱས་ཞིང་། དུག་འཐེན་ནས་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་མེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།