དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་2023ལོའི་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2023ལོའི་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་འབྲེལ་ཚོགས་འདུ་འཚོགས་པ་རེད། ལྷ་ས་གྲོང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་། གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་སོགས་ཁོངས་མིའི་ཚན་པ་10ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་ཕྱར་བ་གྲུ་འདེགས་དང་། ཐུན་མོང་ཐོག་ཞུགས་པ། ཁྲིམས་སྒྱུར་ནན་པོ། ཁྲིམས་ལྟར་སྲིད་འཛིན་བཅས་བྱས་ནས། དེ་བས་སྟོབས་ཆེ་བ་དང་། དེ་བས་ཕན་འབྲས་ཆེ་བ། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་མཉམ་འབྲེལ་ཐོག་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཤིག་ཧུར་ཐག་ཆགས་པར་བྱེད་དགོས་པ་སྟེ། གཅིག་ནས་མཉམ་འབྲེལ་ཁྲིམས་སྒྱུར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བའི་རྨང་གཞིའི་ཐོག་སྡེ་ཚན་མང་པོའི་ཆ་འཕྲིན་མཉམ་སྤྱོད་དང་། ཁྲིམས་སྒྱུར་ཞིབ་བཤེར། གྱོད་གཞིའི་གནས་ཚུལ་གྲོས་མོལ། མཉམ་དུ་གྱོད་གཞི་ཐག་གཅོད་སོགས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཐ་མག་རྫུན་མར་རྡུང་རྡེག་གཏོང་བའི་ལས་དོན་ལ་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་ཐུན་མོང་ཐོག་ཞིབ་འཇུག་དང་ཐག་གཅོད་བྱས་ནས་རིམ་པ་བཞིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་གྱིས་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། གཉིས་ནས་ཁྲིམས་སྒྱུར་དཔུང་ཁག་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཤིང་། མཉམ་དུ་ཁྲིམས་སྒྱུར་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་འབྲེལ་ཁྲིམས་སྒྱུར་དཔུང་ཁག་གི་ཁྲིམས་སྒྱུར་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྫུན་མར་རྡུང་རྡེག་གཏོང་བའི་འགྲོ་གྲོན་ཚད་ལྡན་དུ་བཏང་སྟེ་རྡོ་ཐའི་ལས་དོན་འགན་ལེན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། གསུམ་ནས་གཙོ་གནད་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་དགོས་ཤིང་། མིག་སྔའི་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཀྱི་ཁྱད་ཆོས་དང་འཕེལ་ཕྱོགས་ཁོང་དུ་གང་ལེགས་ཆུད་པར་བྱས་ཏེ། གློག་རྡུལ་ཐ་མག་གི་ཁྲོམ་ར་གཙང་བཤེར་བཅོས་སྒྲིག་བྱེད་པ་དང་། ན་སོ་དར་ལ་མ་བབས་པའི་མིར་ཐ་མག་དང་གློག་རྡུལ་གྱི་གནོད་འཚེ་མི་ཕོག་པ་བྱེད་པ། ཟོག་འགྲེམས་དང་མྱུར་སྐྱེལ་ལྷུ་ཚིགས་ཀྱི་ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱེད་སྤྱོད“ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་ཆེན་པོ་གསུམ”དམ་འཛིན་བྱ་གཞིར་བྱས་ནས་གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིགས་ལ་དམ་འཛིན་གྱིས་ཞིབ་བཤེར་མངོན་གསལ་དོད་པོ་བྱེད་པ་དང་། ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་པ། ཁྲིམས་འགལ་གཉེར་སྐྱོང་དུད་ཚང་ཁག་གཅིག་མེད་པར་བཟོ་བ། བཟོ་ཁང་རྫུན་མ་ཁག་གཅིག་མེད་པར་བཟོ་བ། ཐ་མག་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁག་གཅིག་རྩད་གཅོད་བྱེད་པ། ཐ་མག་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་པ་ཁག་གཅིག་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།