2023ལོའི་ལྗོངས་ཡོངས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇཌ་ལྟ་ཞིབ་པའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་བྱས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་པའི་གསོ་སྦྱོང་བྱེད་སྒོ་ལྷ་སར་གཉེར་ཞིང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས་བཅས་ཁག་གི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་པ་120གསོ་སྦྱོང་ལ་ཞུགས་པ་དང་། དཔྱད་ཞིབ་བྱས་པ་བརྒྱུད་མི་94ལ་Bརིགས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཞིབ་བཤེར་པའི་ལག་ཁྱེར་རག་ཡོད་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལོ་ལྟར་ལྟ་ཞིབ་མི་སྣའི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་གཞི་རིམ་གྱི་ལྟ་ཞིབ་མི་སྣའི་ནུས་པ་མི་འདང་བ་དང་། ལས་གནས་རེས་སྐོར་བྱེད་མང་བ། ལག་ཁྱེར་མེད་པར་ལས་གནས་སུ་སྐྱོད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་ལྗོངས་ཡོངས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་ལས་ཀའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ཆེད་རེད། གསོ་སྦྱོང་བྱེད་རིང་། རིགས་གཅིག་མཁས་ཅན་གྱིས་གཏིང་ཟབ་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ཕུན་སུམ་ཚོགས་པའི་གཞི་རིམ་གྱི་ལག་ལེན་ལས་ཀའི་ཉམས་མྱོང་ཐོག་ནས་གསོ་སྦྱོང་ལ་ཞུཌ་མཁན་ཚོར་ཁྲིམས་སྲོལ་གསར་པའི་བླང་བྱ་དང་ལག་ལེན་དངོས་ཀྱི་བཀོལ་སྤྱོད་ཐབས་རྩལ་གོ་བདེའི་ངང་འགྲེལ་བཤད་བརྒྱབ་པ་རེད།