དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

    ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཚད་མཐོར་གཏོང་ལོའི་བྱེད་སྒོའི་བརྙན་ལམ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་བརྙན་ལམ་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི་བྱེད་སྒོར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུར་བསྟན་དོན། ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོའི་བྱེད་སྒོ་2023ལོའི་ཟླ་5པ་ནས་འགོ་ཚུགས་པ་དང་འབྲེལ་ལོ་ཧྲིལ་པོར་ཁྱབ་ཡོད་པ་དང་། སློབ་སྦྱོང་སློབ་གསོ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་ཟུང་འབྲེལ་བྱས་ནས་གྱོད་དོན་སྒྲུབ་མཁན་གྱི་ཤེས་བྱ་གསོག་ནུས་དང་གྱོད་དོན་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། འཚོལ་བཤེར་དང་དག་ཐེར་བྱ་རྒྱུ་འགོ་ནས་མཇུག་བར་ཁྱབ་རྒྱུ་མཐའ་འཁྱོངས་དང་། སྲིད་འཛིན་བསྐྱར་གྲོས་གྱོད་དོན་ལ་དཔྱད་བཤེར་བྱ་རྒྱུ་དང་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་གྱོད་དོན་ལ“ཕྱིར་མིག་ལྟ་བའི”བྱེད་སྒོ་ཟུང་འབྲེལ་བྱས་ནས་གནད་དོན་འཚོལ་ཞིབ་གནད་འཁེལ་དང་དག་ཐེར་དམིགས་སར་འབྱོར་བར་བྱེད་དགོས་པ། སྲ་བརྟན་དང་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྨང་གཞི་འགན་ལེན་དང་། སྒྲུབ་གཉེར་བརྒྱུད་རིམ། གྱོད་སྒྲུབ་ཆུ་ཚད། ཕུགས་ཕན་ལམ་སྲོལ་བཅས་ཟུང་འབྲེལ་བྱས་ནས་བསྐྱར་གྲོས་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ལས་ཀའི་བྱ་ཐབས་ལ་དམ་འཛིན་ཏན་ཏིག་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་ཕན་འབྲས་ཏན་ཏིག་ཐོན་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།