དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གཉེར་སྐྱོང་བྱེད་པོ་ལས་མཚམས་འཇོག་པའི་ཐོ་འགོད་སྙན་སེང་གི་དོ་དམ་བྱེད་ཐབས》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉེ་ཆར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རང་སྐྱོང་ལྗོངས་མི་སྤྱི་དང་། སྡོད་ཁང་དང་འཛུགས་སྐྲུན། སྨན་བཅོས་འགན་བཅོལ། ཁྲལ་དོན་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་གཉེར་སྐྱོང་བྱེད་པོ་ལས་མཚམས་འཇོག་པའི་ཐོ་འགོད་སྙན་སེང་གི་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》(གཤམ་ལ《ལས་མཚམས་འཇོག་པའི་དོ་དམ་བྱེད་ཐབས》ཞེས་བསྡུ་རྒྱུ)བཟོས་ནས་བཀྲམ་སྟེ། རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། གཉེར་སྐྱོང་བྱེད་པོའི་དཀའ་ངལ་བསལ་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གཉེར་སྐྱོང་བྱེད་པོའི་ལས་མཚམས་འཇོག་པའི་ཐོ་འགོད་སྙན་སེང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། གཉེར་སྐྱོང་བྱེད་པོའི་ལས་མཚམས་འཇོག་པའི་ལམ་ལུགས་ཀྱི་ལེ་ལག་ཚང་བའི་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

    《ལས་མཚམས་འཇོག་པའི་དོ་དམ་བྱེད་ཐབས》ཀྱིས་ལས་མཚམས་འཇོག་པའི་ལམ་ལུགས་སྤྱོད་མཁན་བྱེད་པོ་དང་། བེད་སྤྱོད་བྱས་ཚུལ། རེ་ཞུའི་ཡིག་ཆ། འགྲོ་ལུགས་བརྒྱུད་རིམ། དབང་ཆ་དང་འོས་འགན། བཅའ་ཁྲིམས་འགན་འཁྲི་སོགས་སྔར་བས་ཁ་གསལ་བཟོས་ཏེ། མི་སྤྱི་དང་། སྡོད་ཁང་དང་འཛུགས་སྐྲུན། སྨན་བཅོས་འགན་བཅོལ། ཁྲལ་དོན་སོགས་སྡེ་ཚན་གྱི་འབྲེལ་ཡོད་རྒྱབ་སྐྱོར་སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ཡོད། དེ་དང་ཆབས་ཅིག སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་དང་མཐུན་སྦྱོར་ལྟ་འདོམས་སོགས་ལ་ཤུགས་སྣོན་རྒྱག་རྒྱུའི་ལས་དོན་ཐད་བླང་བྱ་བཏོན་ནས། ལས་མཚམས་འཇོག་པའི་ལམ་ལུགས་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལག་བསྟར་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ་མ་ཟད། ལས་མཚམས་འཇོག་པའི་ལམ་ལུགས་གང་བྱུང་དུ་སྤྱོད་རྒྱུ་གཏན་འགོག་ནུས་ལྡན་བྱས་ནས། ཉོ་ཚོང་བདེ་འཇགས་དང་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་ཡང་བྱས་ཡོད་པ་རེད།

    གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལས་དོན་སྤེལ་སྟངས་མུ་མཐུད་གསར་གཏོད་དང་ཞབས་འདེགས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་ནས། 《ལས་མཚམས་འཇོག་པའི་དོ་དམ་བྱེད་ཐབས》ཀྱི་དྲིལ་བསྒྲགས་གསལ་་བཤད་དང་སྲིད་ཇུས་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་ཡག་པོ་སྤྱད་ནས། ལས་ཀའི“སྣ་འདུས་ཐབས་བཟང”ཆགས་པར་བྱེད་པ་དང་། ལས་མཚམས་འཇོག་པའི་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།