དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མངའ་རིས་ས་ཁུལ་གྱིས།

    ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉིན་ཤས་གོང་གསར་འགོད་པར་མངའ་རིས་ས་ཁུལ་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་གཏོད་པའི་བཞུགས་མོལ་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མངའ་རིས་ས་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། 《སྦྲེལ་མཐུད་འབྲེལ་གཏུག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ས་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གི་བསམ་འཆར》གྱི་ལམ་སྲོལ་མཛུབ་ཁྲིད་འོག མཉམ་ལས་ཞབས་འདེགས་ཀྱི་ལས་སྟེགས་མུ་མཐུད་བཏོད་དེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་བཏོད་ཡོད་པ་རེད།

    མངའ་རིས་ས་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མངའ་རིས་ཞིབ་དཔྱོད་ཡན་ལག་ཁང་གིས་ཁེ་ལས་ཀྱི་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྱོང་མུ་མཐུད་ཟབ་ཏུ་བཏང་ནས། གཉེར་སྐྱོང་བྱེད་པོས་ཡོངས་ཁྱབ་ངང་བཏོན་པའི་འགག་གནད་དང་གནས་སའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཡོད་པ་རེད།

    འཕེལ་སྒྱུར་དང་། མི་སྤྱི། ཚན་རྩལ། དངུལ་ཁང་སོགས་སྡེ་ཚན་གྱི་ལས་ཁུངས་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། སྲིད་ཇུས་དང་། དངུལ་རྩ། ཤེས་ལྡན་མི་སྣ། ཚན་རྩལ། ཁྲིམས་སྐྱོང་བཅས་ཀྱི་ཞབས་འདེགས་ལས་སྟེགས་བཏོད་ནས། དཀའ་ངལ་དངོས་དང་འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་པ་དང་། དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད། 《མངའ་རིས་ས་ཁུལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་སྲིད་ཇུས་གཅེས་བཏུས》ཀྱི་དེབ་300ལྷག་ཙམ་བཀྲམ་ཡོད། དངུལ་རྩའི་ལས་ཁུངས་4ལ་ཁེ་ལས་45ཡི་དངུལ་བུན་དགོས་མཁོ་སྒོར་ཁྲི་9300རེ་བ་ཞུས་པ། དམངས་གཉེར་ཁེ་ལས་5རུ་ལས་མི་43བསྡུས་པ། དམངས་གཉེར་ཁེ་ལས་ཀྱི་ཚན་ཞིབ་རྣམ་གྲངས་1འོས་སྦྱོར་བྱས་ཡོད་པ་རེད།

    ཁེ་ལས་འཕེལ་རྒྱས་ལ་ཁྲིམས་སྐྱོང་ཞབས་འདེགས་འགན་ལེན་བྱས་ཏེ། ཞིབ་དཔྱོད་ལས་ཁུངས་ལ་གཞོགས་འདེགས་ཀྱིས་གྱོད་འབྲེལ་ཁེ་ལས་ཀྱི་སྒྲིག་མཐུན་ཕྱོགས་གསུམ་པའི་ལྟ་སྐུལ་དཔྱད་དཔོག་ལམ་སྲོལ་གྱི་ལས་དོན་སྤེལ་བ་དང་། དངོས་སྒྲུབ་ཀྱི་བྱེད་ཐབས་སྤྱད་ནས་དམངས་གཉེར་ཁེ་ལས་ཀྱིས་བཏོན་པའི་གནད་དོན་དང་དཀའ་གནད་ཐག་གཅོད་ཡག་པོ་བྱས་ཡོད། གྱོད་འབྲེལ་ཁེ་ལས་ཀྱི་སྒྲིག་མཐུན་ཕྱོགས་གསུམ་པའི་ལྟ་སྐུལ་དཔྱད་དཔོག་ལམ་སྲོལ་གྱི་འབྲེལ་ཡོད་ལས་དོན་དོན་འཁྱོལ་ཡག་པོ་བྱས་ནས། ཁེ་ལས་ཀྱི་སྒྲིག་མཐུན་འཕེལ་རྒྱས་ལ་འགན་ལེན་བྱས་ཡོད། 2022ལོར《མངའ་རིས་ས་ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མངའ་རིས་ས་ཁུལ་ཞིབ་དཔྱོད་ཡན་ལག་ཁང་གི་མཉམ་སྐྲུན་སྦྲེལ་མཐུད་འབྲེལ་གཏུག་ལམ་སྲོལ》དེ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཡོངས་བསྒྲགས་བྱས་པའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཞིབ་དཔྱོད་ལས་ཁུངས་ཀྱི་སྦྲེལ་མཐུད་འབྲེལ་གཏུག་གི་ལམ་སྲོལ་100ཡི་དཔེ་མཚོན་ལ་བདམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།