ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གིས།
སློབ་གྲྭར་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཕྲུ་གུ་ཚོར་ཁྲིམས་སྐྱོང་སློབ་གསོའི་སློབ་ཚན་འཚོག་བཞིན་པ།
ཟླ་5ཚེས་31ཉིན། གཞིས་རྩེ་གྲོང་ཁྱེར་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ས་དམར་མདའ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ས་དམར་མདའ་ལྟེ་བའི་སློབ་ཆུང་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
“ཅི་ཞིག་ལ་སློབ་གྲྭའི་བཙན་བརྙས་ཟེར་རམ” “སློབ་མ་གཞན་གྱིས་བཙན་བརྙས་བྱས་ཚེ་ཁྱེད་ཀྱིས་གང་འདྲ་བྱེད་དམ” “དྲ་ཞུགས་སྐབས་དངུལ་སྤྲོད་དགོས་པའི་རིགས་ལ་ང་ཚོས་གང་འདྲ་བྱེད་དགོས་སམ”སོགས་བྱེད་སྒོ་སྤེལ་ཡུལ་དུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བཅའ་ཁྲིམས་དང་འབྲེལ་བའི་གཏམ་རྒྱུད་དང་གྱོད་དཔེ་རེ་རེ་བཞིན་དྲངས་ནས་ཕྲུ་གུ་ཚོར་ཁྲིམས་ལུགས་ཤེས་བྱ་ཁྱབ་གདལ་བཏང་བ་དང་ཕྲུ་གུ་ཚོས་མི་དམངས་ཉེན་རྟོག་པ་དང་མཉམ་འགུལ་ཧུར་ཐག་བྱས་པས་བྱེད་སྒོ་སྤེལ་ཡུལ་དུ་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་པ་རེད། མི་དམངས་ཉེན་རྟོག་པས་སློབ་གྲྭའི་གྱོད་གཞི་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་སྒོ་ནས་བཅའ་ཁྲིམས་ཀྱི་གནད་དོན་གསལ་འགྲེལ་བྱས་ཏེ་སློབ་མ་ཚོར་མཐའ་ཚད་ཀྱི་འདུ་ཤེས་བརྟན་པོ་སྲུང་བ་དང་། བཅའ་ཁྲིམས་ལ་བརྟེན་ནས་སོ་སོར་སྲུང་སྐྱོང་བྱེད་པ། རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བཅས་བྱས་ཏེ་སློབ་སྦྱོང་དང་འཚོ་བའི་ཁྲོད་ཡང་དག་པའི་མི་ཚེའི་ལྟ་བ་དང་། རིན་ཐང་གི་ལྟ་བ། འཇིག་རྟེན་གྱི་ལྟ་བ་བཅས་འཛུགས་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།