ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྤྱི་བདེ་ཅུས་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས།
གཅེས་སེམས་མཚོན་པའི་ཞལ་འདེབས་བྱེད་སྒོ་སྤེལ་བ།
འདི་ནི་གཅེས་སེམས་མཚོན་པའི་ཞལ་འདེབས་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྤྱི་བདེ་ཅུས་རྒྱ་ཚ་གྲོང་རྡལ་མངགས་གཏོང་ཁང་གིས“ཤར་ལྷོ་ནས་ལྷོ་ཁ་བར་ལེ་དབར་སྟོང་ཆོད་ཀྱང་། སློབ་སྦྱོང་དོན་གཉེར་ལ་དཀའ་ངལ་དེ་ཙམ་མེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཅེས་སེམས་མཚོན་པའི་ཞལ་འདེབས་བྱེད་སྒོ་སྤེལ་ཏེ། རྒྱ་ཚ་གྲོང་རྡལ་གྱི་སློབ་ཆུང་སློབ་མར་ཧྥུའུ་ཅན་ཞིང་ཆེན་ཕུའུ་ཐན་གྲོང་ཁྱེར་ཧན་ཅང་ཆུས་དུག་འགོག་གཞུང་ལས་ཁང་གིས་ཐག་རིང་ནས་བསྐུར་ཡོང་བའི་དཔེ་ཁུག་གསར་པ་359སྤྲད་པ་རེད།
བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དགེ་སློབ་ཡོངས་ལ་དུག་རྫས་ཟེར་བ་གང་ཡིན་པ་དང་། དུག་རྫས་ལ་རིགས་ག་ཚོད་ཡོད་པ། དུག་རྫས་ཀྱི་གནོད་འཚེ། དུག་རྫས་ཇི་ལྟར་སྔོན་འགོག་བྱེད་དགོས་པ་བཅས་ཀྱི་སྐོར་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཡང་སྒོས་སུ་གྱོད་དཔེ་དངོས་དང་བཅའ་ཁྲིམས་ཤེས་བྱ་ཟུང་དུ་འབྲེལ་བའི་བྱ་ཐབས་བརྒྱུད། དགེ་སློབ་ཚོ་དང་མཉམ་དུ་སྤེལ་རེས་བྱས་ཏེ་ཁོང་ཚོར་དུག་འགོག་གི་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་བྱས་ནས་ཁོང་ཚོའི་དུག་འགོག་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་རེད།