དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ།

    གནོད་འཚེ་དང་ཉེན་ཁ་འགོག་ཟོན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉིན་ཤས་བསྟུད་མར་བོད་ཀྱི་རིམ་ཁག་མེ་ཟོན་སྡེ་ཚན་གྱིས་གེགས་འགོག་གེགས་སེལ་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། སྤྱི་ཚོགས་ཡོངས་ཀྱིས་མེ་ཟོན་ལ་དོ་ཁུར་དང་མེ་ཟོན་ལ་ཞུགས་པའི་རྣམ་པ་བཟང་པོ་བཏོད་པ་རེད།

    བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་ཤིང་། རིམ་ཁག་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་གི་བྱ་སྤྱོད་དང་། མེ་ཟོན་བདེ་འཇགས་ཀྱི“ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་དང་ཟུང་འབྲེལ་གྱིས་མེ་ཟོན་ལྟ་སྐུལ་བ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་དང་། སྨན་ཁང་། དགོན་སྡེ། རྒན་གསོ་ཁང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ཚོང་ར་དང་སྒོ་རྩིས་ཚོང་ཁང་། ཁྲོམ་ར་བཅས་དང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སོགས་མི་སྣ་འདུ་འཛོམས་ཆེ་ཁུལ་དུ་བསྐྱོད་དེ་འབར་སླ་བའི་དངོས་པོར་དོ་དམ་ཚོད་འཛིན་དང་། མེ་ཟོན་སྒྲིག་ཆས་བཀོད་སྒྲིག་དང་སྲུང་སྐྱོང་། མེ་གསོད་རླངས་འཁོར་གྱི་བགྲོད་ལམ་དོ་དམ་སོགས་ཐད་ལྷག་སྲིད་པའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་ནས་སྤྱི་ཚོགས་ཚན་པར་མེ་ཟོན་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་མེ་སྐྱོན་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་པ་རེད།

    གསོ་སྦྱོང་དང་ནང་སྦྱོང་བྱས་ཏེ་འདུ་ཤེས་ཟབ་ཏུ་བཏང་ཞིང་། རིམ་ཁག་མེ་ཟོན་སྡེ་ཚན་གྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་ཆ་ཁག་དྲུག་ཏུ་མེ་ཟོན་དྲིལ་བསྒྲགས་བྱ་རྒྱུ་གཙོ་རྐང་དུ་བྱས་པའི་མེ་ཟོན་གསོ་སྦྱོང་དང་ནང་སྦྱོང་གི་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད། དེའི་རིང་མེ་ཟོན་དྲིལ་བསྒྲགས་པས་སློབ་གྲྭའི་དགེ་སློབ་དང་། ལས་བྱེད་པ་དང་ལས་བཟོ། ཁེ་ལས་ཀྱི་ལས་བཟོ་བཅས་དང་ངོ་ཐུག་གདོང་འཕྲད་ཀྱིས་མེ་ཟོན་བདེ་འཇགས་ཤེས་བྱའི་གསོ་སྦྱོང་འཆད་ཁྲིད་བྱས་ཏེ་དམིགས་སའི་རང་བཞིན་ཆེ་བ་དང་། སྤྲོ་སྣང་ལྡན་པ། མང་ཚོགས་ཞུགས་ཚད་མང་བ་བཅས་ཀྱི་མེ་སྐྱོན་ཁྲོད་ནས་ཐར་ཐབས་བྱེད་པའི་ནང་སྦྱོང་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་བ་རེད།

    གཞི་རྟེན་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་ཅིང་། རིམ་ཁག་མེ་ཟོན་སྡེ་ཚན་གྱིས་མི་དམངས་དྲ་བར་བརྟེན་ནས་གེགས་འགོག་གེགས་སེལ་གྱི་ཆེད་དོན་ལེ་ཚན་གཉེར་ཏེ། གེགས་འགོག་གི་རྒྱུན་གཏན་ཤེས་བྱ་སྣ་ཚོགས་ཁྱབ་གདལ་བཏང་ནས་ས་གནས་ཁག་གིས་མེ་ཟོན་དྲིལ་བསྒྲགས་ལས་དོན་སྤེལ་བའི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་བྱ་ཐབས་གཅིག་སྡུད་ཐོག་གནས་ཚུལ་སྤེལ་བ་དང་། བརྙན་འཕྲིན་དང་། རྒྱང་བསྒྲགས། ཚགས་པར་དང་དུས་དེབ། སྐད་འཕྲིན། དཔོད་ཆུང་སོགས་ཀྱི་གཞི་རྟེན་སྤྱད་དེ་མེ་ཟོན་སྤྱི་ཕན་དྲིལ་བསྒྲགས་ཧུར་ཐག་བྱས་པ། ཚོང་རའི་བརྙན་འཕྲིན་དང་། ཐོག་ཁང་གི་བརྙན་འཕྲིན། LEDབརྙན་ཤེལ་སོགས་རྒྱ་ཁྱབ་སྤྱད་དེ། ཚོང་ལས་གཅིག་སྡུད་ཁུལ་དང་ཐང་ཆེན་དུ་མེ་ཟོན་གྱི་སྤྱི་ཕན་བརྡ་ཁྱབ་གཏོང་ཐེངས་མང་དུ་བཏང་བས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི་ཟིལ་ཤུགས་ཆགས་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།