དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མེ་ཟོན་ཤེས་བྱ་སློབ་གྲྭར་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉིན་ཤས་བསྟུད་མར་བོད་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཁོངས་གཏོགས་སློབ་གྲྭར་མེ་ཟོན་དྲིལ་བསྒྲགས་དང་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་ཅིང་། དེའི་ནང་མེ་ཟོན་བདེ་འཇགས་ཀྱི་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་དང་། རྫི་ཁྱིས་འཚོལ་སྐྱོབ་བྱེད་སྟངས་ངོམས་སྟོན། མེ་སྐྱོན་ལས་ཐར་ཐབས་ཀྱི་ལད་ཟློས་ནང་སྦྱོང་། མེ་གསོད་རོགས་སྐྱོབ་ཡོ་བྱད་བེད་སྤྱོད། མེ་གསོད་སྒྲིག་ཆས་གསར་པ་འགྲེམས་སྟོན་སོགས་རྣམ་གྲངས་ཚུད་ཡོད་པ་དེས་དགེ་སློབ་མི་ཉུང་བ་ཞིག་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    བྱེད་སྒོ་སྤེལ་བ་ལས་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་དགེ་སློབ་ཚོའི་ཐོལ་བྱུང་གནོད་འཚེར་ཁ་གཏད་གཅོག་པའི་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་ཕྱིན་ནས“དམངས་ཡོངས་ཀྱིས་མེ་ཟོན་བྱེད་པའི”བཀོད་པ་ཆེན་པོ་གཏོད་ཆེད་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    འདི་ནི་མེ་ཟོན་བཀོད་འཐབ་པས་བོད་ལྗོངས་སློབ་ཆེན་དུ་རྫི་ཁྱིར་འཚོལ་སྐྱོབ་བྱེད་སྟངས་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་ཟོན་དྲིལ་བསྒྲགས་པས་བོད་ལྗོངས་སློབ་ཆེན་དུ་མེ་ཟོན་བདེ་འཇགས་ཀྱི་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བ་འདོན་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་སློབ་མས་མེ་གསོད་རོགས་སྐྱོབ་ཡོ་བྱད་ཉམས་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།