དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་གིས།

    མཉམ་འབྲེལ་མཉམ་སྡོམ་གྱི་ལྟ་འདོམས་མ་ལག་ལ་བརྟེན་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་སྐྱེལ་འདྲེན་རླངས་འཁོར་འགྲིམ་འགྲུལ་བདེ་འཇགས་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་པའི་སྐྱེལ་འདྲེན་རླངས་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། རྒྱ་ཆེའི་ཁ་ལོ་བའི་བདེ་འཇགས་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ། འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་དང་ཉུང་དུ་ནུས་ལྡན་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་ཡག་པོ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱིས་དྲ་སྦྲེལ་མཉམ་སྡོམ་གྱི་ལྟ་འདོམས་མ་ལག་སྤྱད་དེ་ཁ་ལོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་དཔང་ལེན་བྱས་པ་མ་ཟད། འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལྡན་པའི་ཁ་ལོ་བར་ཆད་པའང་བཅད་ཡོད།

    སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལྟ་འདོམས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ། འགྲོ་ལམ་སྐྱེལ་འདྲེན་རླངས་འཁོར་གྱི་འགུལ་རྣམ་ལྟ་འདོམས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འགུལ་རྣམ་གྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འགྲུལ་སྐྱེལ་འཁོར་རིགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་པ། གྲོང་ཁྱེར་ཡོངས་ཀྱི་སྐྱེལ་འདྲེན་འཁོར་རིགས་ཀྱི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་མ་ཐོན་སྔོན་འགོག་བྱེད་པ། རྒྱ་ཆེའི་འགྲིམ་འགྲུལ་ཁ་ལོ་བ་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བཅས་བྱས་ཡོད།

    སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་མཉམ་འབྲེལ་མཉམ་སྡོམ་གྱི་ལྟ་འདོམས་མ་ལག་སྤྱད་པ་བརྒྱུད་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་དཔང་ལེན་ར་སྤྲོད་ཐུབ་ནས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཟིལ་གྱིས་མནན་པ་དང་། འགྲོ་ལམ་སྐྱེལ་འདྲེན་ཁེ་ལས་ཀྱི་བདེ་འཇགས་འགན་ལེན་ནུས་པ་ཆེ་རུ་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་མི་དམངས་ཀྱི་བདེ་སྐྱིད་འཚོ་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།