དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • ནང་སོག་ཏུ་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་ནས་ལོ་གཉིས་སོང་རིང་ནགས་བཟོ་དང་། རྩྭ་འདེབས། བྱེ་འགོག་བྱེ་བཅོས་བཅས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཚེས་5ཉིན་གསར་འགོད་པས་ནང་སོག་གི་པའོ་ཐོའུ་རུ་གཉེར་བའི“ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་དང་ལག་བསྟར་ཏན་ཏིག་ངང་བྱས་ཏེ་རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་པོར་འཛུགས་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། ནང་སོག་གིས་ནགས་དཔོན་ལམ་ལུགས་ཁྱབ་གདལ་བཏང་ནས་ལོ་གཉིས་སོང་རིང“ནགས་བཟོ་མུའུ་ཁྲི་912དང་། རྩྭ་འདེབས་མུའུ་ཁྲི་3382.8 བྱེ་འགོག་བྱེ་བཅོས་མུའུ་ཁྲི་1280.3བཅས་ལེགས་གྲུབ་བྱུང་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    ལོ་གཉིས་རིང་ནང་སོག་གི་ས་གནས་ཁག་གིས་ནགས་དཔོན་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད་ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ཀྱི་ཐོག་ནས“རི་ལ་དོ་དམ་བྱེད་མཁན་ཡོད་པ་དང་། ནགས་བཟོ་བྱེད་མཁན་ཡོད་པ། ཤིང་ལ་སྲུང་སྐྱོང་བྱེད་མཁན་ཡོད་པ། འགན་འཁྲི་འཁུར་མཁན་ཡོད་པ”བཅས་མངོན་འགྱུར་བྱས་པས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ་རིམ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་འབྲེལ། སྡེ་ཚན་གྱིས་ནགས་དཔོན་ལམ་ལུགས་དོན་འཁྱོལ་ཞིབ་ཚགས་དང་དོན་འཁྱོལ་ཏན་ཏིག་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།