དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • སྡེ་ཚན་གསུམ་གྱིས་དྲ་རྒྱའི་གཏུམ་སྤྱོད་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུའི་སྐོར་ལ་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-13

    ཉིན་ཤས་གོང་གསར་འགོད་པས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱས་པ་ལྟར་ན། དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་བཞིན་ཆད་པ་བཅད་ནས་སྤྱི་དམངས་ཀྱི་མི་གཤིས་ཁེ་དབང་དང་རྒྱུན་གཏན་གྱི་དྲ་རྒྱའི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱ་ཆེད། ཉེས་ཁྲིམས་དང་། ཉེས་དོན་གཏུག་བཤེར་བཅའ་ཁྲིམས། དམངས་དོན་ཁྲིམས་གཞུང་། དམངས་དོན་གཏུག་བཤེར་བཅའ་ཁྲིམས། དེ་བཞིན་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས《དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་བཞིན་ཆད་པ་གཅོད་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར(བསམ་འཆར་བསྡུ་ལེན་གྱི་མ་ཟིན)》འཆར་ཟིན་བཀོད་དེ་སྤྱི་ཚོགས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱེད་འགོ་ཚུགས་ཤིང་། བསམ་འཆར་གོང་ཞུའི་དུས་ཚོད་ནི་2023ལོའི་ཟླ་6ཚེས་25ཉིན་བར་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།