དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རྒྱལ་ཡོངས་ཀྱི་མེ་མདའ་དང་འབར་གས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་བརྙན་འཕྲིན་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

    2022ལོར་རང་རྒྱལ་དུ་མེ་མདའ་འཁྱེར་བ་དང་འབར་གས་ཀྱི་ཉེས་གསོག་གྱོད་གཞི་ཐོན་ཚད་ལོ་རྒྱུས་ཀྱི་དམའ་ཤོས་སུ་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-13

    ཚེས་8ཉིན་རྒྱལ་ཡོངས་ཀྱི་མེ་མདའ་དང་འབར་གས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་བརྙན་འཕྲིན་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ། འདི་ལོ་ནས་2025ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རེས་སྐོར་གསར་པའི་དུས་ཡུན་ལོ་གསུམ་གྱི་མེ་མདའ་དང་འབར་གས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཟུང་འབྲེལ་དམ་ཟབ་ཀྱིས་འགན་འཁུར་གྱི་སྙིང་སྟོབས་ཆེན་པོ་དང་རྒྱུན་སྲོལ་ལས་འདས་པའི་བྱེད་ཐབས་སྤྱད་ནས་ཆེད་དོན་བྱ་སྤྱོད་ཀྱི་འཕེལ་རྒྱས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མེ་མདའ་དང་འབར་གས་ཀྱི་ཁྲིམས་འགལ་ཉེས་གསོག་དང་དེའི་འབྱུང་ཁུངས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་སྤྱི་པའི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་བཟོ་བའི་མངོན་མེད་རྐྱེན་ངན་ཚབས་ཆེན་མཐའ་གཅིག་ཏུ་སེལ་དགོས།

    ཚོགས་འདུའི་ཐོག་དོ་དམ་དང་བཅོས་སྐྱོང་ནན་པོ་ནི་གནས་བབ་དེ་བས་གལ་ཆེན་དུ་བཞག་ནས་དམ་འཛིན་བྱེད་དགོས་ཤིང་། འབྱུང་རྩ་ནས་དོ་དམ་དང་ཚོད་འཛིན་བྱེད་པའི་བྱ་ཐབས་སྤྱད་དེ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་ཐོན་སྐྱེད་བདེ་འཇགས་ལས་འཛོལ་སྣ་ཚོགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱེད་པ་དང་། དྲ་ཐོག་གི་ཁྲིམས་འགལ་ཆ་འཕྲིན་གཙང་སེལ་བྱེད་པ། དྲ་ཐོག་གི་ལྐོག་ཚོང་འབྲེལ་ཐག་མེད་པར་བཟོ་བ། སྤྱི་ཚོགས་སུ་ཁྱབ་པའི་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་ཀྱི་ཉེན་ཅན་དངོས་རྫས་ཕྱོགས་ཡོངས་ནས་གཞུང་བཞེས་མཐར་ཕྱིན་བཏང་སྟེ། མེ་མདའ་དང་འབར་གས་ཀྱི་ཉེན་ཁ་ཡོད་པའི་དངོས་རྫས་ལ་དོ་དམ་ཚོད་འཛིན་བྱེད་པའི་དྲ་རྒྱ་ཚགས་དམ་དུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།