བོད་ཀྱིས་སྲིད་འཛིན་ཁྲིམས་སྒྱུར་གྱི་ལས་དོན་ལ་ཆེད་དོན་ལྟ་སྐུལ་བྱེད་ཀྱི་ཡོད་པ།
ཉེ་ཆར། 2023ལོའི་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་གྱི་ཆེད་དོན་ལྟ་སྐུལ་སྐུལ་སློང་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་ལས་དོན་གྱི་ཆེད་དོན་ཚོགས་ཆུང་5ཡིས་རང་ལྗོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལས་དོན་ལ་ཆེད་དོན་ལྟ་སྐུལ་བྱེད་ཀྱི་ཡོད་པ་རེད།
2023ལོའི་ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་ལས་དོན་ལ་ཆེད་དོན་ལྟ་སྐུལ་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྲིམས་བཞིན་སྲིད་འཛིན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ལྗོངས་ཡོངས་ཀྱི་སྲིད་འཛིན་ཁྲིམས་སྒྱུར་གྱི་སྤུས་ཚད་མཐོ་རུ་དང་ནུས་ཕྱོད་ཆེ་རུ་ཧུར་ཐག་གཏོང་བ། མི་དམངས་མང་ཚོགས་ཀྱིས་བསམ་འཆར་མང་བའི་སྲིད་འཛིན་ཁྲིམས་སྒྱུར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་ཀྱི་བྱ་སྤྱོད་གལ་ཆེན་ཞིག་རེད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཀྱི་བྱ་ཐབས་ཤིག་དེ་བས་ཀྱང་རེད། ཆེད་དོན་ལྟ་སྐུལ་བརྒྱུད་བསམ་བློ་དང་བྱ་སྤྱོད་སྲིད་འཛིན་ཁྲིམས་སྒྱུར་དང་། ཁྲིམས་སྒྱུར་ལྟ་སྐུལ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་བྱེད་ཀྱི་ཡོད་པ་རེད།