དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • 2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”ལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-12

     ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ནས་ཁྲིམས་སྐྱོང་སྟོབས་ཤུགས་མངོན། ཟླ་6ཚེས་9ཉིན་གྱི་དགོང་མོར་2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”ལ་བྱ་དགའ་སྤྲོད་པའི་མཛད་སྒོ་ལྷ་སར་གཉེར་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། སུན་ཤན་ཀྲུང་། ཀྲང་ཧུང་པོ། སྒྲོལ་དཀར། ཚེ་བརྟན། ཤཱ་ཁེ་ཆིན་བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་པ་རེད།

    རོལ་དབྱངས་འཁྲབ་ཚན་ཐུང་གྲས《ཁྱེད་ཚང་མར་གུས་འདུད་ཞུ》བའི་ཁྲོད་བྱེད་སྒོ་འགོ་ཚུགས་ཤིང་། བྱ་དགའ་སྤྲོད་མཁན་སྐུ་མགྲོན་གྱིས་མིག་དམར་བཀྲ་ཤིས་དང་། བསམ་ཚེ། ཁྲེན་ཡུན་ཧྥེང་། སྒྲོལ་མ་སྲི་ཆོས། ལའོ་མའོ། ཝང་ཕེ་ཀང་། ཚེ་རིང་དཔལ་འབྱོར། ཧུའུ་ཧན་ཝུན། སུའུ་ཅ་ཐང་། འཆི་མེད་ཚེ་རིང་སོགས་2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣའི”བྱ་དགའ་འཐོབ་མཁན་དང་དེ་བཞིན“སྤྱི་ཕན་ཞུ་གཏུག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཕན་ཞིབ་དཔྱོད་སྲུང་སྐྱོབ་ལ་ཤུགས་སྣོན”དང་། “རྫོང་ཁོངས་སུ་ཁྲིམས་རྩོད་པ་མེད་པའི་གནད་དོན་ཧུར་ཐག་བསལ་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་འདེགས་ཀྱི་འགག་གནད་མཐའ་མ་ཤར་གཏོང་བྱས་པ” “ཞིབ་བཤེར་བརྒྱད་དང་ལྟ་ཞིབ་བརྒྱད”ལ་བརྟེན་ནས་གཟབ་ནན་དང་། ཚད་ལྡན། དྲང་གཞག ཤེས་དཔལ་བཅས་ལྡན་པའི་ཁྲིམས་སྒྱུར་བྱེད་སྟངས་ཧུར་ཐག་བཏོད་པ” “ལས་བྱེད་པ་ཆིག་སྟོང་གྲོང་ཚོ་ཆིག་སྟོང་དུ་བསྐྱོད་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བ” “ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་སྲིད་གཞུང་གི་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ”སོགས་2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་གསར་འགྱུར”གྱི་བྱ་དགའ་འཐོབ་མཁན་གྱི་ཚན་པར་བྱ་དགའ་སྤྲད་པ་རེད།

    ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམ་པ་བཞིན་འོས་སྦྱོར་དང་། རིགས་གཅིག་མཁས་ཅན་གྱིས་དཔྱད་ཞིབ། འོས་མིའི་རྒྱབ་ལྗོངས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད་2022ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ”10དང“ཁྲིམས་སྐྱོང་གསར་འགྱུར”5དཔྱད་འདེམས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ”དང“ཁྲིམས་སྐྱོང་གསར་འགྱུར”དཔྱད་འདེམས་དང་དྲིལ་བསྒྲགས་བྱེད་སྒོར་སྤྱི་ཚོགས་ཀྱིས་དོ་ཁུར་རྒྱ་ཁྱབ་བྱས་པ་མ་ཟད། ཁྲིམས་སྐྱོང་ལ་དད་མོས་དང་། ཁྲིམས་སྐྱོང་ནན་པོ། ཁྲིམས་སྐྱོང་སྲུང་སྐྱོབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་དེ་མི་ཚང་མ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཞུགས་པ་དང་། མི་ཚང་མས་ཁྲིམས་སྐྱོང་གི་དབང་གྲགས་ལ་དད་མོས། མི་ཚང་མས་ཁྲིམས་སྐྱོང་གི་གྲུབ་འབྲས་མཉམ་སྤྱོད་བཅས་བྱེད་པར་སྔར་བས་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།