དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་སུ་བཅའ་སྡོད་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས།

    མང་ཚོགས་ཀྱི་རྐུ་ཤོར་བའི་དངུལ་སྨར་སྒོར་1200ཚུར་བླངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། གྲོང་མི་བཀྲ་ཆེ་གེ་མོ་བྲེལ་འཚུབ་ཆེན་པོས་སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་སུ་བཅའ་སྡོད་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་གྱོད་སྒྲུབ་ཁང་དུ་ཡོང་ནས། ངའི་བོགས་གཏོང་ཁང་པ་ནས་དངུལ་སྨར་སྒོར་1200བརྐུས་འདུག་ཅེས་གྱོད་དོན་སྙན་སེང་ཞུས།

    གྱོད་དོན་སྙན་སེང་འབྱོར་རྗེས་ཉེས་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་ཐོན་ཡུལ་དུ་འཕྲལ་མར་བསྐྱོད་དེ་ས་ཡུལ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཁང་པའི་སྒོ་དང་སྒེའུ་ཁུང་ཚང་མར་སྐྱོན་གང་ཡང་མེད་པ་མ་ཟད། བཅག་ཤུལ་ཡང་མེད་པ་ཤེས་རྟོགས་བྱུང་།

    འདྲི་རྟོག་བྱས་རྗེས་བཀྲ་ཆེ་གེ་མོས་གྱོད་གཞི་ཐོན་པའི་ཉིན་དེར་རང་གི་གྲོགས་པོ་བསྟན་ཆེ་གེ་མོ་ཁྱིམ་དུ་སླེབས་པ་དང་། ཉིན་དེའི་སྔ་དྲོར་བཀྲ་ཆེ་གེ་མོས་བསྟན་ཆེ་གེ་མོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་བར་གསེང་དུ་གསང་སྤྱོད་དུ་ཕྱིན་པ་དང་། གསང་སྤྱོད་ནས་དོན་རྗེས་བསྟན་ཆེ་གེ་མོས་གློ་བུར་དུ་ཁྱིམ་ལ་ལས་ཀ་བྲེལ་བ་ཆེན་པོ་ཡོད་ལུགས་བཤད་དེ་བྲེལ་འཚུབ་ངང་ལོག་པ་དྲན་གསོས། གནས་ཚུལ་དེ་ཤེས་རྗེས་མི་དམངས་ཉེན་རྟོག་པས་གྱོད་གཞི་དེ་ནི་མི་རྒྱུས་ཡོད་ཅིག་གིས་བརྩམས་པ་དབྱེ་ཞིབ་བྱས། ཁྲིམས་འགལ་ཉེས་གསོག་གི་དོན་དངོས་སྔར་བས་གསལ་པོ་བཟོ་ཆེད། དེ་ཉིན་དགོང་མོའི་ཆུ་ཚོད་20ཙམ་ལ་མི་དམངས་ཉེན་རྟོག་པས་སྣེའུ་ཁུལ་གསར་གྱི་སློབ་གྲྭ་ཞིག་གི་འགྲམ་ནས་བསྟན་ཆེ་གེ་མོ་བཟུང་།

    བསྟན་ཆེ་གེ་མོས་ཉེ་དུས་ལག་དངུལ་ཁ་ཐང་པོ་འདུག་པས་གྲོགས་པོའི་ས་ནས་དངུལ་བརྐུ་རྒྱུའི་བསམ་བློ་འཁོར་བྱུང་། དེ་ཉིན་ངས་གྲོགས་པོ་བཀྲ་ཆེ་གེ་མོའི་ཁྱིམ་དུ་མགྲོན་པོར་ཕྱིན་པ་ཡིན། བཀྲ་ཆེ་གེ་མོ་གསང་སྤྱོད་ལ་འགྲོ་སྐབས་ཅོག་ཙེའི་ཤུར་ཅོག་ནང་བརྒྱ་ལོར་ཁ་ཤས་ཡོད་པ་མཐོང་བྱུང་བས་སྐབས་དེ་དང་བསྟུན་ནས་དངུལ་བརྐུས་པ་ཡིན་ཞེས་བཤད།

    འདྲི་རྩད་བྱས་པ་བརྒྱུད། བསྟན་ཆེ་གེ་མོས་དངུལ་བརྐུས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ཁས་བླངས་ཤིང་། མིག་སྔར་ཉེས་གསོག་དོཌ་ཅན་བསྟན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་དངུལ་སྨར་སྒོར་1200ཚུར་བླངས་ཡོད། གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་སྒང་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།