དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས།

    ཕྱོགས་མིའི་དོ་དམ་དང་ཞབས་འདེགས་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་གཞི་རྩའི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ། ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་དོ་དམ་ཞབས་འདེགས་ཀྱི་ལས་དོན་སྔར་བས་ལེགས་སུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཡག་ར་མཐའ་མཚམས་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཕྱོགས་མིར་གྲལ་བཤེར་བྱས་པ་རེད།

    མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ཨར་སྐྲུན་ཚན་པ་དང་། བོགས་གཏོང་ཁང་པ། ཚོང་ཁང་སོགས་ཕྱོགས་མི་འདུ་འཛོམས་བྱ་ཡུལ་གཙོ་གནད་དུ་བྱས་ནས་ཐེམ་དུད་རེ་རེ་བཞིན་གྲལ་བཤེར་བྱེད་པའི་བྱ་ཐབས་སྤྱད་དེ“སྟབས་བསྟུན་ཅན”གྱི་དོ་དམ་བྱེད་སྟངས་ལག་ལེན་བསྟར་བ་དང་། ཕྱོགས་མིའི་ཐོ་འགོད་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཁོངས་གཏོགས་ཁུལ་གྱི་ཕྱོགས་མི་མང་ཉུང་གི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ་ཕྱོགས་མིའི་གྲངས་འབོར་དང་། ཁྱབ་ཚུལ། ཁོངས་གཏོགས་ཁུལ་དུ་འཛུལ་དོན་གྱི་དུས་ཚོད། འབྲེལ་གཏུག་བྱེད་སྟངས་སོགས་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཏན་ཏིག་དང་། ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་ཆ་འཕྲིན་དུས་ཐོག་ཏུ་གསར་བརྗེས་དང་འཐུས་སྒོ་ཚང་དུ་བཏང་ནས་དོ་དམ་བྱེད་མ་ཐུབ་པའི་སྣང་ཚུལ་བཀག་འགོག་བྱས་པ་རེད།

    དེ་དང་ཆབས་ཅིག མང་ཚོགས་ལ་གནས་སྡོད་ལག་ཁྱེར་གཉེར་བའི་གོ་རིམ་དང་། ཕྱོགས་མིར་ཞབས་འདེགས་ཞུ་བའི་སྲིད་ཇུས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་དོགས་ཟོན་སོགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་དང་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་འབྲེལ། ཕྱོགས་མིའི་རྒྱུན་གཏན་གྱི་འཚོ་བ་དང་ལས་ཀའི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱས་ནས་དོ་དམ་ཞབས་འདེགས་ལ་ཕན་ནུས་ཐོན་པར་ཤུགས་སྣོན་བརྒྱབ་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གྲལ་བཤེར་ལས་དོན་སྤེལ་བ་བརྒྱུད་ཁོངས་གཏོགས་ཁུལ་གྱི་ཕྱོགས་མིའི་གནས་ཚུལ་མཐིལ་རྟོགས་ནུས་ལྡན་དང་ཁ་གསལ་པོ་བྱུང་ནས། ཕྱོགས་མིའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཏེ་ཕྱོགས་མིའི་དོ་དམ་ཞབས་འདེགས་ཀྱི་ལས་དོན་ལས་ཕྱོད་ཆེན་པོའི་སྒོ་ནས་སྤེལ་བར་རྨང་གཞི་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།