ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས།
“གངས་ལྷ་མེ་ཏོག”ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པ་བཙུགས་པ།
ཞིབ་དཔྱོད་གཞི་གཅིག་ཅན་གྱི་ལེགས་ཆ་གང་ལེགས་བཏོན་ནས་ཆབ་མདོ་གྲོང་ཁྱེར་གྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གྱི་མི་ཤུགས་ཐོན་ཁུངས་ཞན་པ་དང“ཞིབ་དཔྱོད་ཆེན་པོ་བཞིའི”ལས་སྒོའི་ཆུ་ཚད་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ཧུར་ཐག་བྱ་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས《ཆབ་མདོ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པའི་ལག་བསྟར་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་པ་རེད།
《ཇུས་གཞིའི》ནང་། གཅིག་གྱུར་གྱི“གངས་ལྷ་མེ་ཏོག”ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པ་བཙུགས་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་བྱེད་སྐབས། “གངས་ལྷ་མེ་ཏོག”མཚོན་རྟགས་དང་། ཚོགས་པའི་འབོད་ཚིག འགུལ་རིས་བཅས་གཅིག་གྱུར་དུ་སྤྱོད་པ་དང་སྟོབས་ཤུགས་ཧྲག་སྒྲུག་བྱས་ནས་སྤྱོད་ཚུལ་ལེགས་པ་དང་ལས་སྒོ་བྱང་ཆུབ་པའི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་ཚོགས་པ་ཞིག་གཏོད་པར་གཞོལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་གྱོད་གཞི་སྒྲུབ་གཉེར་དང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་སྤེལ་ནས“གངས་ལྷ་མེ་ཏོག་གི་སྤུས་རྟགས”ལེགས་སུ་གཏོང་དགོས་པ་ཁ་གསལ་བཏོན་ཡོད།