དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་ཁྲལ་དོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དཔེ་ཀློག་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་ཤིས་ཨན་དུ་བཅའ་སྡོད་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆེད་མངགས་པའི་དོན་གཅོད་ཁང་གིས་མཉམ་འབྲེལ་ཐོག་གཉེར་བའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་དཔེ་ཀློག་འཛིན་གྲྭ(དུས་ཐེངས་དང་པོ)ཧྲའན་ཤིས་ཞིང་ཆེན་ཁྲལ་དོན་ལས་བྱེད་པའི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭ་གཉེར་བའི་དམིགས་ཡུལ་ནི་ཁྲལ་དོན་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་སྔར་བས་འཕྱུར་བར་བྱས་ནས། ཏང་ཡོན་དང་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་བསམ་བློའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱེད་ཆེད་རེད། བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་དང་ཤིས་ཨན་དུ་བཅའ་སྡོད་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཆེད་མངཌ་པའི་དོན་གཅོད་ཁང་གིས་ད་ཐེངས་ཀྱི་དཔེ་ཀློག་འཛིན་གྲྭའི་གོ་སྐབས་དང་བསྟུན་ནས་མུ་མཐུད་མཉམ་ལས་རོཌ་རེས་བྱེད་ཟབ་ཏུ་བཏང་སྟེ་ཐུན་མོང་ཐོག་ཁྲལ་དོན་མཉམ་ལས་ཀྱི་ཀུན་སེམས་གཅིག་ཏུ་བསྒྲིལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།