དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས།

    བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཤེས་བྱའི་ཚོད་རྒྱུགས་ཐེངས་དང་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར་ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་ཤེས་བྱའི་ཚོད་རྒྱུགས་ཐེངས་དང་པོ་བཏང་ཞིང་། ཚོད་རྒྱུགས་ལ་མི་དམངས་ཉེན་རྟོག་པ་ཡོངས་ཞུགས་པ་རེད།

    ཐེངས་འདིའི་ཚོད་རྒྱུགས་གསང་ཐབས་རྒྱུགས་ལེན་ཐོག་ནས་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་དང་། རྩ་བའི་ལས་འགན། ཐག་གཅོད་ཧུར་ཐག་བྱེད་དགོས་པའི་གནད་དོན་སོགས་ནང་དོན་གཙོ་གནད་དུ་བཟུང་སྟེ་བཏང་བ་རེད། ཚོད་རྒྱུགས་གཏོང་སར་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་རང་རྟོགས་ངང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་དྲི་བར་ལན་ནན་ཏན་བརྒྱབ་པས་རྒྱུགས་ར་ཡོངས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོད་རྒྱུགས་ནི་མི་དམངས་ཉེན་རྟོག་པའི་ཉེ་དུས་ཀྱི་སློབ་སྦྱོང་གནས་ཚུལ་ལ་ཞིབ་དཔྱད་བྱས་པ་ཞིག་རེད་ལ། དེང་སྐབས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་དང་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ་དང་། མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་ཁོང་དུ་ཆུད་མིན་ལ་ཞིབ་དཔྱད་ནུས་ལྡན་བྱེད་པ། མི་དམངས་ཉེན་རྟོག་པའི་སློབ་སྦྱོང་གི་ཧུར་སེམས་སྐོང་འཐེན་བྱེད་པ། སློབ་སྦྱོང་གི་རྣམ་པ་ཟབ་ཏུ་གཏོང་བ་བཅས་ཀྱང་ཡིན་པས། “ཡིག་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། བློ་ལ་ངེས་རྒྱུར་སྐུལ་འདེད། བྱ་སྤྱོད་ལ་སྐུལ་འདེད”བཅས་ཀྱི་ཕན་འབྲས་ཐོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།