དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྱབ་ཁོངས་ཀྱི་ཉེན་ཟོན་སློབ་གསོ་དང་ལས་སྒོའི་གསོ་སྦྱོང་ཐེངས་དང་པོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྱབ་ཁོངས་ཀྱི་ཚོང་གཉེར་ཁོར་ཡུག་སྔར་བས་ལེཌ་སུ་གཏོང་བ་དང་། ཉོ་ཚོང་བྱེད་པོ་ཁག་གི་སྒྲིག་ཁྲིམས་འདུ་ཤེས་ཟབ་ཏུ་གཏོང་བ། ལས་སྒོའི་འཇོན་ཐང་ཆེ་རུ་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཁྱབ་ཁོངས་ཀྱི་ཉེན་ཟོན་སློབ་གསོ་དང་ལས་སྒོའི་གསོ་སྦྱོང་ཐེངས་དང་པོ་གཉེར་བ་རེད།

    གསོ་སྦྱོང་སྐབས་ཉིང་ཁྲི་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། ནོར་སྲིད་ཅུས། སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་འབྲེལ་ཡོད་ཚན་ཁག་གི་འགན་འཁུར་བས། སྡོད་ཁང་འཛུཌ་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་འོས་སྐུལ་འོས་དཔོད་ཀྱི་ཆེད་དོན་བཅོས་སྒྲིག་དང་། “ཚད་གཞི་གཅིག་དང་གདེང་འཇོག་གཅིག” ཉེན་ཟོན་གྱོད་དཔེ། རིགས་ཁག་གི་ཉོ་ཚོང་བྱེད་པོའི་བྱ་སྤྱོད་ཚད་ལྡན་བཅས་དང་དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་སོགས་ཀྱི་ནང་དོན་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་འགྲེལ་བཤད་བརྒྱབ་པ་དང་འབྲེལ། ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་གཙང་སློབ་གསོའི་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་ནས་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཉེན་ཟོན་སློབ་གསོའི་དམིགས་ཚད་ལེགས་གྲུབ་ཡོང་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།