དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤུ་ཧྲེང་རྫོང་གི་མཐའ་མཚམས་ཤང་དང་གྲོང་རྡལ་གྱི“ཤང་གཅིག་ལ་ཁང་གཉིས”རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་མཐའ་མཚམས་ས་ཁུལ་གྱི“ཤང་གཅིག་ལ་ཁང་གཉིས”ཀྱི་འགན་ནུས་སྣོལ་འཛིང་སོགས་ཀྱི་དཀའ་གནད་ཏན་ཏིག་སེལ་བ་དང་། མཐའ་མཚམས་མངགས་གཏོང་ཁང་གི་འགན་ནུས་སྔར་བས་འཐུས་ཚང་དུ་གཏོང་བ། བཀོད་སྒྲིག་ལུགས་མཐུན་དང་། ཉེན་རྟོག་པ་བཀོད་སྒྲིག་ལེགས་པོ། བཀོད་འདོམས་ནུས་ལྡན། འཁོར་སྐྱོད་བདེ་བླག་བཅས་ཀྱི་མཐའ་མཚམས་བཅོས་སྐྱོང་འགན་འཁྲིའི་མ་ལག་བཙུགས་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཉེ་ཆར། སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་དུ“ཤང་གཅིག་ལ་ཁང་གཉིས”ཀྱི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་ཏེ། དེ་སྔའི་སྤུ་ཧྲེང་གྲོང་རྡལ་སྤྱི་བདེ་མངགས་གཏོང་ཁང་དེ་མཐའ་མཚམས་མངགས་གཏོང་ཁང་ལ་སྤྱི་ཡོངས་ནས་རྩིས་སྤྲད་པ་རེད།

    མཛད་སྒོའི་ཐོག《སྤུ་ཧྲེང་རྫོང་གི་མཐའ་མཚམས་ཤང་དང་གྲོང་རྡལ་གྱི“ཤང་གཅིག་ལ་ཁང་གཉིས”རྩིས་སྤྲོད་རྩིས་ལེན་གྱི་དོན་ཚན》སྒྲོག་སྦྱངས་ནན་ཏན་བྱས་ནས། རྩིས་སྤྲོད་རྩིས་ལེན་གྱི་དོན་ཚན་དང་བླང་བྱ་ཁ་གསལ་བཏོན་པ་དང་། སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་དང་མཐའ་མཚམས་དོ་དམ་རུ་ཆེན་གྱི་འགན་འཁུར་བ་གཙོ་བོས་མཉམ་དུ་རྩིས་སྤྲོད་རྩིས་ལེན་གྱི་ཡི་གེར་མིང་རྟགས་བཀོད་པ་དང་། སྤུ་ཧྲེང་རྫོང་མཐའ་མཚམས་དོ་དམ་རུ་ཆེན་གྱི་འགན་འཁུར་བས་མཐའ་མཚམས་མངགས་གཏོང་ཁང་གི་འགན་འཁྲི་ཡག་པོ་བསྒྲུབ་རྒྱུའི་ཐད་རྣམ་འགྱུར་མཚོན་པའི་གཏམ་བཤད་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།