དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཞིག་རྩད་ཆོད་ནས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཝང་ཆེ་གེ་མོར་ཁྲིམས་བཞིན་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། གྱོད་གཞི་དེའང་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་བཅའ་ཁྲིམས》ལ་གཞིགས་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་མཁན་ལ་ཆད་པ་བཅད་པའི་གྱོད་གཞི་ཐོག་མ་དེ་ཡིན་པ་རེད།

    ཟླ་4ཚེས་26ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལི་ཆེ་གེ་མོས་རང་ཉིད་ལ་དམག་མི་དང་ཉེན་རྟོག་པར་རྫུས་མཁན་ཞིག་གིས་བརྡ་སྦྱོར་མངགས་ཉོ་བྱ་རྒྱུར་ཁ་གཡར་ཏེ་སྒོར་ཁྲི་3.12ཁ་བསླུས་བརྒྱབ་ཚུལ་སྙན་སེང་ཞུས་ཤིང་། ཁུངས་སྣེ་རག་རྗེས་ཅུས་དེའི་ཁ་བསླུས་འགོག་རྒོལ་མི་དམངས་ཉེན་རྟོག་པས་འཕྲལ་མར་དངུལ་སྒྱུར་མཚམས་འཇོག་པ་སོགས་བྱས་ནས་གྱོད་འབྲེལ་གྱི་རྩིས་ཁྲར་གསེད་བཀྲོལ་དང་དབྱེ་འབྱེད་བྱས་པ་བརྒྱུད་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་ཝང་ཆེ་གེ་མོ་ཡིན་པ་ཤེས་པ་རེད།

    ཞིབ་འཇུག་བྱས་ནས་བརྡར་ཤ་བཅད་པ་བརྒྱུད། ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཝང་ཆེ་གེ་མོས་ཀུའེ་ཀྲོའུ་ཞིང་ཆེན་ཤིང་དབྱི་གྲོང་ཁྱེར་ནས་དངུལ་ཁང་གཱ་བཟོས་ནས“བར་བརྒྱུད་གཏོང་སྤྲོད”ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྤེལ་བའི་དོགས་གཞི་ཡོད་པ་ཤེས་ནས་མི་དམངས་ཉེན་རྟོག་པས་ལས་དོན་འབོར་ཆེན་བསྒྲུབས་ཏེ་ཀུའེ་ཀྲོའུ་ཞིང་ཆེན་ཤིང་དབྱི་གྲོང་ཁྱེར་ཅེ་ཧྲན་གྲོང་རྡལ་ནས་ཝང་ཆེ་གེ་མོ་བཟུང་བ་རེད།

    ཁྲིམས་བཞིན་མྱུལ་ཞིབ་བྱས་པ་བརྒྱུད། 2023ལོའི་ཟླ་བཞི་པར་ཝང་ཆེ་གེ་མོས་གཞན་གྱིས་རང་ཉིད་ཀྱི་དངུལ་ཁང་གཱ་སྤྱད་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པ་ཤེས་བཞིན་དུ་སྔར་བཞིན་རང་ཉིད་ཀྱི་གཱ་གཞན་ལ་བོགས་མར་བཏང་བར་གྱོད་འབྲེལ་དངུལ་སྒོར་ཁྲི་3ལྷག་ཟིན་པ་དང་རང་སྒེར་ལའང་ཁེ་བཟང་དངུལ་སྒོར་1200རག་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་སོ་བརྒྱད་པའི་ནང་གསེས་གཉིས་པ་དང་དོན་ཚན་ཞེ་བཞི་པའི་གཏན་འབེབས་ལྟར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཝང་ཆེ་གེ་མོར་ཁྲིམས་བཞིན་སྲིད་འཛིན་ཆད་པ་བཅད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།