དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་དབྱར་རྩྭ་དགུན་འབུ་བརྐོ་ཡུལ་དུ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    འདི་ནི་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    ཉིན་ཤས་གོང་། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས“ཧྥུང་ཆའོ་རྣམ་པའི་ཚན་རྩལ་སྐོར་སྐྱོད་ཁྲིམས་ར”དབྱར་རྩྭ་དགུན་འབུ་འཐུ་ཡུལ་དུ་བསྐྱོད་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་དང་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་སར་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཞིང་འབྲོག་མང་ཚོགས་ཁྲོད་དུ་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་དང་། གློག་འཕྲིན་ཁ་བསླུས་ལ་འགོག་ཟོན་དང་གློག་དང་ཐོག་ལ་ཟོན་དགོས་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད། བཅའ་ཁྲིམས་བློ་འདྲིར་ལན་ཡང་བརྒྱབ་པ་རེད། དེ་དང་ཆབས་ཅིག་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་གྲལ་བཤེར་བྱས་ནས་ཞིང་འབྲོག་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་ཚད་རན་པོ་འཐུ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྲུང་སྐྱོང་བཅས་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།