དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་7བསྟུད་མར་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    2022ལོ་ཚུན་དུ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེར་དམ་པོར་དམིགས་ནས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་པས། ཟླ་15བསྟུད་མར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་95%ཡན་རྩད་ཆོད་པ་མ་ཟད། འདི་ལོའི་དུས་ཚིགས་དང་པོར་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་7བསྟུད་མར་རྩད་ཆོད་ནས་ཉེས་གསོག་དོགས་ཅན་20བཟུང་སྟེ་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་18.95མི་ཕོག་པ་བྱས་ཡོད།

    ཉིན་ཤས་བསྟུད་མར་འཇོ་མདའ་རྫོང་སྤྱི་བདེ་ཅུས་སུ་མང་ཚོགས་ལ་ཁ་བསླུས་ཐེབས་པའི་ཉེན་དོན་སྙན་སེང་ཁ་པར་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཞིང་། ཁ་བསླུས་རྒྱག་སྟངས་གྲས་སུ“ཚོང་ཞབས”ཡིན་ཁུལ་དང་། དྲ་ཐོག་ནས་དངུལ་བུན་གཏོང་བ། དྲ་ཐོག་ནས་དངུལ་དོན་དོ་དམ་བྱེད་པ་སོགས་ཚུད་ཡོད། གྱོད་དོན་སྙན་སེང་འབྱོར་རྗེས་རྫོང་སྤྱི་བདེ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་གྱིས་ཉེན་རྟོག་པའི་སྟོབས་ཤུགས་ཧྲག་པོ་སྐོང་འཐེན་བྱས་ནས་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ཏེ། རྒྱལ་ཁབ་ཀྱི་ཁ་བསླུས་འགོག་རྒོལ་གྱི་གྲངས་གཞི་ཆེན་པོའི་ལས་སྟེགས་ལ་དམ་པོར་བརྟེན་པ་དང་མ་དངུལ་འཁོར་རྒྱུག་དང་ཆ་འཕྲིན་འགྲོ་རྒྱུག་ལ་དམིགས་ཏེ་དབྱེ་ཞིབ་བརྡར་གཅོད་དང་། དབྱེ་འབྱེད་གྲལ་བཤེར། མྱུལ་ཞིབ་ཞིབ་ཚགས་བཅས་བྱས་ནས་དོགས་ཡོད་མི་སྣ་མང་པོ་གཏན་འཁེལ་བྱས་པ་མ་ཟད། ལས་ངན་རྩོམ་སྟངས་ཀྱང་གཏན་འཁེལ་བྱས།

    ཆེད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གྱོད་གཞི་7གྱི་ཉེས་གསོག་དོགས་ཅན་དྲ་ཐོག་གི་བྲོས་བྱོལ་མི་སྣའི་ཁོངས་སུ་བཅུག་སྟེ་ཁག་བགོས་ནས་ཧོ་པེ་དང་། ཀུའེ་ཀྲོའུ། ཧྲན་ཏུང་སོགས་སུ་བསྐྱོད་དེ་འཛིན་བཟུང་གི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་མཐར་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་གྱོད་གཞི་7གྱི་ཉེས་གསོག་དོགས་ཅན་20ཚང་མ་ཁྲིམས་ལ་སྦྱར་བ་དང་མང་ཚོགས་ཀྱི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་18.95ལྷག་ཙམ་གསབ་ཡོད།

    མིག་སྔར་གྱོད་གཞི་7སྔར་བས་སྒྲུབ་གཉེར་བྱེད་སྒང་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།