དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྣ་དཀར་རྩེ་རྫོང་ཁ་རག་ཤང་མངགས་གཏོང་ཁང་གིས།

    ཞིང་པ་ལས་མིར་འགྱངས་ཆད་གླ་ཆ་སྒོར་ཁྲི་123.3ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    འདི་ནི་སྣ་དཀར་རྩེ་རྫོང་ཁ་རག་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལས་གྲྭའི་རྣམ་གྲངས་པུའུ་རུ་གླ་ཆ་འགྱངས་ཆད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    ཟླ་5ཚེས་4ཉིན་སྣ་དཀར་རྩེ་རྫོང་ཁ་རག་ཤང་མངགས་གཏོང་ཁང་གིས་ཞིང་པ་ལས་མིར་གླ་ཆ་སྒོར་ཁྲི་123.3ལེན་རོགས་བྱས་ཏེ་ལས་མི་ཚོའི་གླ་ཆ་ལེན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཁེ་ལས་ཀྱི“རྙོག་དྲ”ཡང་ཐག་གཅོད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་4པའི་ཟླ་སྨད་དུ། སྣ་དཀར་རྩེ་རྫོང་ཁ་རག་ཤང་མངགས་གཏོང་ཁང་ལ་ལས་གྲྭའི་རྣམ་གྲངས་ཤིག་གི་ལས་བཟོས་ཞུས་པའི་གྱོད་དོན་སྙན་སེང་འབྱོར་བ་སྟེ། ལས་གྲྭ་དེས་ལས་མིའི་གླ་ཆ་སྒོར་ཁྲི་100ལྷག་ཙམ་ཡུན་རིང་འགྱངས་ཆད་བྱས་སོང་བས་མི་དམངས་ཉེན་རྟོགས་པས་གླ་ཆ་དེད་རོགས་ཞེས་བརྗོད་ཡོད་པ་རེད། དོན་དེར་མངགས་གཏོང་ཁང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས། ས་ཡུལ་དངོས་སུ་བསྐྱོད་དེ་དུས་ཐོག་ཏུ་གྱོད་དོན་སྙན་སེང་ཞུ་མཁན་ནས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས་པ་རེད། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་ལས་མི་མི་གྲངས་མང་བ་དང་། གླ་ཆ་འགྱངས་ཆད་བྱས་པའི་དངུལ་འབོར་མང་ལ། དུས་ཡུན་རིང་བ་བཅས་ཀྱི་དབང་གིས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་ཀུང་སི་དེའི་འགན་འཁུར་བ་བཙལ་ནས་བརྟག་དཔྱད་བྱས་པ་རེད། བརྟག་དཔྱད་བྱས་པ་བརྒྱུད། གླ་ཆ་འགྱངས་ཆད་ཀྱི་རྒྱུ་མཚན་གཙོ་བོ་ནི་ཀུང་སི་དེའི་དོ་དམ་རིམ་པའི་མི་དོན་ལ་འགྱུར་བ་བྱུང་ནས་ནོར་དོན་དོ་དམ་གྱི་གནད་དོན་ཐོན་ཏེ་དུས་ཐོག་ཏུ་ལས་མིའི་གླ་ཆ་སྤྲོད་མ་ཐུབ་པ་དེ་རེད།

    དེ་རྗེས་མི་དམངས་ཉེན་རྟོག་པས་ཀུང་སི་དེའི་འགན་འཁུར་བར་གནད་དོན་གྱི་ཚབས་ཆེན་རང་བཞིན་གསལ་བཤད་བྱས་པ་དང་ཆབས་ཅིག་དུས་བཀག་ནང་དག་ཐེར་བྱས་ནས་དངུལ་གང་མགྱོགས་གྲབས་གསོག་བྱས་ཏེ་ལས་མིའི“གླ་ཆའི”གནད་དོན་ཐག་གཅོད་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད། ཉིན་20ལྷག་ཙམ་རིང་མི་དམངས་ཉེན་རྟོག་པས་ལས་ཡུལ་གྱི་འགན་འཁུར་བ་དང་གྲོས་མོལ་ཐེངས་མང་བྱས་པ་བརྒྱུད། ཟླ་5ཚེས་4ཉིན་གླ་ཆ་སྒོར་ཁྲི་123.3ཆད་ལུས་མེད་པར་ལས་མིར་སྤྲད་པ་རེད། གླ་ཆ་རག་པའི་ལས་མིའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།