དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    “མེ་ཟོན་དང་ཁོར་ཡུག་གཙང་སྦྲ”ཟུང་འབྲེལ་གྱི་ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས“མེ་ཟོན་དང་ཁོར་ཡུག་གཙང་སྦྲ”ཟུང་འབྲེལ་གྱི་ལས་སྒོའི་རྩལ་ནུས་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བས་ཁོར་ཡུག་གཙང་སྦྲ་བར་བྱེད་སྒོའི་དོན་སྙིང་གལ་ཆེན་གསལ་འགྲེལ་བྱས་པ་དང་འབྲེལ། རུ་ཆེན་གྱི་རྐང་འཛིན་པས་ཁོར་ཡུག་གཙང་སྦྲ་བར་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་དང་མེ་ཟོན་མེ་གསོད་ཀྱི་གསོ་སྦྱོང་དང་མཛུབ་ཁྲིད་བྱས་པ་མ་ཟད། ད་དུང་ཁོར་ཡུག་གཙང་སྦྲ་བར་མེ་སྐྱོན་ཐོན་མ་ཐག་ཐག་གཅོད་ཇི་ལྟར་བྱེད་དགོས་པ་དང་མེ་གསོད་རླངས་འཁོར་ལ་ཆུ་སྣོན་སྟངས་བསླབས་པ་རེད།

    ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་ལས་དོན་དེ་བདེ་འཇགས་འགན་ལེན་དང་། བརྟན་ལྷིང་འགན་ལེན། མཐའ་ཚད་འགན་ལེན་བཅས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མེ་ཟོན་དང་། འཕྲལ་སྡོམ། ཁོར་ཡུག་གཙང་སྦྲ་སོགས་སྡེ་ཚན་གྱི་ཐོན་ཁུངས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་ཏེ། “མེ་ཟོན་དང་ཁོར་ཡུག་གཙང་སྦྲ”ཟུང་འབྲེལ་གྱི་མཉམ་ལས་ལམ་སྲོལ་སྔར་བས་སྤེལ་བ་དང་ཁོར་ཡུག་གཙང་སྦྲའི་ཐོན་ཁུངས་ལེགས་ཆ་སྤྱི་འདོམས་བྱས་ནས་མཉམ་འབྲེལ་ཐོག་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གྲུབ་འབྲས་རྒྱ་ཆེར་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།