དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཚོགས་པས།

    “ལེ་དབར་སྟོང་གི་ལམ་དུ་བཞུད་ནས་རང་འགུལ་ངང་ལག་བསྟར་བྱེད་པའི་གཏམ་རྒྱུད་ཡག་པོ་ཤོད་པ”དང་ས་ཆ་གཞན་དུ་ལག་བསྟར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཚོགས་པས་མངའ་རིས་ཀྱི་སྤུ་ཧྲེང་དང་། སྒར། རྩྭ་མདའ་སོགས་སུ་བསྐྱོད་ནས། “ལེ་དབར་སྟོང་གི་ལམ་དུ་བཞུད་ནས་རང་འགུལ་ངང་ལག་བསྟར་བྱེད་པའི་གཏམ་རྒྱུད་ཡག་པོ་ཤོད་པ”དང་ས་ཆ་གཞན་དུ་ལག་བསྟར་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། རིགས་ཁག་གི་གྱོད་གཞི་ཁག་9ལག་བསྟར་ཁྲིམས་ཐག་བཅད་ནས། འཚོ་སྐྱོང་གྲོན་དངུལ་དང་ངལ་ལས་གླ་ཆ་སོགས་ཀྱི་གྱོད་འབྲེལ་དངུལ་སྒོར་ཁྲི་6.8སྤྲད་པ་དང་། རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་11ལྷག་ཙམ་བསྡོམས་བཅད་བྱས་པ་སོགས་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནང“སྟོད་གཞས་དྲང་སྙོམས་ལག་བསྟར་ཚོགས་པས”རང་འགུལ་ངང་ལག་བསྟར་བྱེད་པའི་གཏམ་རྒྱུད་ཡག་པོ་ཤོད་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་དྲང་གཞག་དང་། ལས་ཕྱོད། རང་འགུལ། དྲོ་སྐྱིད་བཅས་བྱ་སྤྱོད་དུ་དངོས་སུ་འཁྱོལ་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།