དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔལ་མགོན་རྫོང་གིས།

    འགྲིམ་འགྲུལ་སྐྱེལ་འདྲེན་ཆེད་དོན་བཅོས་སྒྲིག་གི་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-06

    ཉེ་ཆར། ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་ཨུད་ཁྲིམས་ལྟར་རྫོང་སྐྱོང་གཞུང་དོན་ཁང་གིས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། བློ་འདྲིའི་སྟེགས་བུ་འཛུགས་པ། གྱོད་དཔེ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཚོང་ཁང་དང་། སྨན་ཁང་། ཇ་ཁང་། སྨན་རྫས་ཚོང་ཁང་། ཚལ་ཁྲོམ་སོགས་ཀྱི་མི་ཚོགས་མང་སར་བསྐྱོད་དེ“ཁེ་ཕན་དོན་གཉེར་ཁྲིམས་སྒྱུར”གྱི་གནད་དོན་དང་། ཁྲིམས་སྒྱུར་ཚད་ལྡན་མེད་པའི་གནད་དོན། ཁྲིམས་སྒྱུར་བྱེད་སྟངས་སྟབས་བདེ་དང་འཕེལ་མེད་ཀྱི་གནད་དོན། ཁྲིམས་སྒྱུར་རྩུབ་སྤྱོད་ཀྱི་གནད་དོན། ཁྲིམས་སྒྱུར་ནུས་པ་ཞན་པའི་གནད་དོན་སོགས་ཆེད་དོན་བཅོས་སྒྲིག་གི་གཙོ་གནད་ནང་དོན་དང་ཁུངས་སྣེ་བདག་སྤྲོད་བྱེད་སྟངས་ལ་དམིགས་ནས། མང་ཚོགས་ལ་ད་ཐེངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་དྲིལ་བསྒྲགས་བྱས་པ་དང་། རྒྱ་ཆེའི་མང་ཚོགས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་སྐྱེལ་འདྲེན་ཁྲིམས་སྒྱུར་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཁྲོད་ཞུགས་རྒྱུར་སྐུལ་སྤེལ་བྱས་པ། དངོས་ཐོག་བདེན་འཚོལ་གྱིས་འབྲེལ་ཡོད་གནས་ཚུལ་མཚོན་པ་དང་འབྲེལ་ཡོད་གནད་དོན་ཐེར་འདོན་བྱས་པ། ཆེད་དོན་བཅོས་སྒྲིག་ལས་དོན་སྤྱི་དམངས་ཀྱིས་ཤེས་རྟོགས་བྱེད་ཚད་སྔར་བས་མཐོ་རུ་བཏང་བས། སྤྱི་དམངས་ཡོངས་འགྲོ་ལམ་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཞུགས་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་ཆེད་དོན་བཅོས་སྒྲིག་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།